མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སྤྱི་ཟླ10བར་རོ་མཱ་ནི་ཡཱ་རུ་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་ཏེ་དབྱི་ལིང་གི་འཕུར་མདའི་དཔུང་འཇུག་ལ་སྔོན་འགོག་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱའི་རྒྱལ་སྲུང་བློན་ཆེན་ཏུའུ་ཧྲ་ཡིས་ཉེས་སྔོན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་འཛམ་གླིང་ཡོངས་ཀྱི་འཕུར་མདའི་འགོག་སྲུང་མ་ལག་གི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། ཨ་མེ་རི་ཁས་སྤྱི་ཟླ10བའི་ཟླ་མགོར་རོ་མཱ་ནི་ཡཱ་རུ་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་རྒྱུ་རེད། དེ་ནི་ཨོ་པཱ་མཱ་སྲིད་གཞུང་གིས་ཡོ་རོབ་གླིང་གི་འཕུར་མདའི་འགོག་སྲུང་མ་ལག་ལ་ཡར་སྐུལ་བྱེད་པའི་གོམ་རིམ་གལ་ཆེན་ཞིག་པ་དང་། བྱ་སྤྱོད་དེ་ལས་ཨ་མེ་རི་ཁས་སྔར་ལས་ལྷག་པའི་སྒོ་ནས་ཧེ་ཧའེ་ས་ཁུལ་གྱི་དམག་དོན་རྟེན་གཞི་སྲ་བརྟན་དུ་བཏང་བར་མ་ཟད། ཞོར་དུ་ཀྲུང་ཏུང་དང་ཀའོ་ཅཱ་སོ། ཨེ་ཤ་ཡཱ་དབུས་མ་བཅས་ས་ཁུལ་དུ་ཁ་ཕྱོགས་པར་རྨང་གཞི་བཏིང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག