མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་སློབ་ཆེན་ཞིག་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

n1.jpg

སྤྱི་ཟླ9བའི་ཚེས29ཉིན། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཡོ་པེ་ཀྲིག་གི་སློབ་ཆེན་དུ་འགས་གཏོར་འཇབ་རྒོལ་ཐེབས་པ།

n2.jpg

ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱི་བརྙན་རིས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཡོ་པེ་ཀྲིག་གི་སློབ་ཆེན་ཞིག་ཏུ་ཚེས29ཉིན་གྱི་ཞོགས་པར་ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་བཟོས་པར་དོགས་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

    འཇབ་རྒོལ་ཐེབས་པའི་ཞིང་ལས་སློབ་ཆེན་དེ་ཡོ་པེ་ཀྲིག་གི་ཀུའུ་རི་པཱ་གྲོང་རྡལ་དུ་ཡོད་པ་དང་། རྒྱལ་ས་ཏཱ་མཱ་ཐུའུ་ལུའུ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཡོད། ཉིན་དེའི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ། དྲག་ཆས་ཉེས་ཅན་སྐོར་ཞིག་སློབ་གྲྭའི་ནང་ཡོང་ནས་མལ་ཁང་ནང་གི་སློབ་མར་མེ་མདས་བརྒྱབ་པ་རེད།

    མིང་ལ་ཅཱ་པཱ་ཞེས་པའི་སློབ་མ་ཞིག་གིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། སྲོག་ཉེན་ལས་ཐར་བའི་སློབ་མ་དག་ཡང་བསྐྱར་འཇབ་རྒོལ་ཐེབས་པའི་འཇིགས་དངངས་སྐྱེས་ཏེ་འཚུབ་འཚུབ་ལང་ལོང་སྒོས་ཡུལ་དངོས་དང་ཁ་འབྲལ་བ་རེད། ད་ལྟ་ཚང་མས་ཁྱིམ་མི་དང་ལྷན་འཛོམས་བྱེད་པར་རེ་བ་ཆེན་པོ་བཅངས་ཡོད་ཟེར།

    དོན་རྐྱེན་བྱུང་སྐབས་སློབ་མ་ཚང་མ་གཉིད་དུ་ཡུར་ཡོད་པས་ཤི་རྨས་ཚབས་ཆེན་བཟོས་པ་རེད། ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ད་རུང་ཤི་རྨས་བྱུང་བའི་ཁ་གྲངས་ཁྱབ་སྒྲོག་བྱས་མེད་ཀྱང་། སྨན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉུང་མཐར་ཡང་མི་བཞི་བཅུ་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

    མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཉིན་དེའི་འཇབ་རྒོལ་དོན་རྐྱེན་བཟོས་པར་ཁས་ལེན་བྱས་མེད་ཀྱང་། དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་བྱེད་ཐབས་སོགས་ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པ་དང་གཅིག་མཚུངས་རེད། ད་ལོའི་ཟླ་དྲུག་པ་དང་ཟླ་བདུན་པར། པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་སོ་སོར་ཡའོ་པེ་ཀྲིག་གི་སློབ་འབྲིང་གཉིས་ལ་འཇབ་རྒོལ་བྱས་ཏེ། དགེ་སློབ་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག