མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་རེ་བ་འདོན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-28 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བདུན་ཉིན་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་རེ་བ་འདོན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་སི་རི་ཡཱ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱུང་བའི་ཚུན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་པའི་སི་རི་ཡཱ་དང་འབྲེལ་བའི་གྲོས་ཆོད་ཐོག་མ་རེད།

ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་རི་ནེ་ཝ་ནས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་མཐུན་བཀོད།

གྲོས་མཐུན་དེ་ལས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་འབྲེལ་ཡོད་འཆར་གཞི་གཏན་འབེབས་བྱེད་རྒྱུ་ཡིན་པ་དང་། འཆར་གཞི་དེ་ལག་བསྟར་དངོས་འབེབས་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་འགོད་རྒྱུ་གཏན་འཁེལ་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པ་སོགས་འདུས་པའི་ཁྲིམས་འགལ་བྱ་སྤྱོད་ལ་གྲོས་ཞིབ་བྱེད་དགོས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག