མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་རྒྱལ་སྤྱིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བར་ཕྱོགས་ཡོངས་ནས་མཉམ་ལས་བྱེད་དགོས་པའི་སྐུལ་མ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-28 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚེས་ཉེར་བདུན་ཉིན་གྲོས་མཐུན་བཀོད་དེ། སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་རྒྱལ་སྤྱིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བར་མཉམ་ལས་བཟང་བོ་བྱས་ཏེ། རྟོག་ཞིབ་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་དེར་ཡོང་ནས་རྟོག་ཞིབ་བྱ་བ་སྤེལ་བར་ཆོག་མཆན་འགོད་དགོས་པའི་སྐུལ་མ་བཏང་།

འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ནང་སི་རི་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་བློ་དཀར་བའི་དམངས་དམག་གི་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

གྲོས་ཆོད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་གྱི་དཔལ་འབྱོར་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པའི་རྒྱལ་ཁབ་ཀྱི་ཡུལ་གྱར་བའི་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།

སི་རི་ཡཱའི་འཐུས་མིས་གཏམ་བཤད་སྤེལ་སྐབས་གྲོས་ཆོད་དེ་ལ་ཕྱོགས་རིས་དང་གདམ་གསེས་རང་བཞིན་ལྡན་པར་སྐྱོན་འཛུགས་བྱས་པ་དང་། སི་རི་ཡཱ་རྒྱལ་ཁབ་ཀྱིས་སྔོན་ཆད་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་མངོན་གསལ་གྱིས་བྱ་བ་སྤེལ་དགོས་པའི་གྲོས་གཞི་བཏོན་མྱོང་ཡང་། རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་སི་རི་ཡཱ་རུ་ཡོད་པའི་ཕྱི་རྒྱལ་གྱི་གླས་དམག་དང་རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཁྲི་སྟོང་མང་བོར་དོ་སྣང་གང་ཡང་བྱེད་ཀྱིན་མེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག