མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་གྱི་ཕྱི་འབྲེལ་པུས་ཉིང་རྡུལ་འཆར་གཞིར་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་གཅིག་ནང་ཚུན་དུ་གྲོས་ཆོད་འཇོག་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-28 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཧྥུས་སྤྱི་ཚེས་26ཉིན། དབྱི་རན་ནས་རྒྱལ་ཁབ་མང་པོ་དང་ཐུན་མོང་ངོས་འཛིན་བྱུང་ཡོད་པས་འབད་བརྩོན་ཆེན་པོས་འབྲེལ་ཡོད་དབྱི་རན་གྱི་ཉིང་རྡུལ་འཆར་གཞིར་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་གཅིག་ནང་ཚུན་དུ་གྲོས་ཆོད་འཇོག་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲ་ལི་ཧྥུས་ཀྲུང་གོ་དང་། ཨུ་རུ་སུ། དབྱིན་ཇི། ཨ་རི། ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་མཇལ་འཕྲད་གནང་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་ཚོགས་འདུ་གྲོལ་རྗེས་བདེན་དཔང་བྱས་པར། དེའི་གོང་ཀྲ་ལི་ཧྥུ་དང་དུས་ཐུང་གི་ཁྱེར་རྐྱང་ཐུག་འཕྲད་བྱས་པ་ཡིན། དེ་ནི་ལོ་མང་རིང་ཨ་རི་དང་དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་བར་འབྲེལ་གཏུག་བྱས་པ་ཞིག་ཡིན། ཀྲ་ལི་ཧྥུས་ཚོགས་འདུ་མཇུག་འགྲིལ་རྗེས་རྒྱལ་ཁབ་དྲུག་པོ་དེ་དག་བར་གྱི་གྲོས་ཚོགས་ནི་ཧ་ཅང་དགེ་མཚན་ལྡན་པ་ཞིག་ཡིན་ཞེས་བརྗོད་པ་དང་། ཁོང་གིས་དབྱི་རན་ལ་བཀག་སྡོམ་བྱས་པ་དེས་དེ་ལས་ལྡོག་པའི་མཇུག་འབྲས་ཐོན་རྒྱུ་ལས་མེད་པས་ངེས་པར་དུ་བཀག་སྡོམ་མེད་པ་བཟོ་དགོས་པའི་བསྐྱར་བཤད་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག