མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་རྒྱལ་ཁབ་ཁག་གི་འཐུས་མིས་སྟོང་ལོའི་དགོངས་འཕེལ་དམིགས་འབེན་གྱི་ཁས་ལེན་བསྐྱར་བཤད་བྱས་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-28 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་གོང་འཕེལ་དམིགས་འབེན་གྱི་མཐོ་རིམ་རིམ་པའི་དམིགས་བསལ་བྱེད་སྒོའི་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་འཐུས་མིས་གྲུབ་འབྲས་ཡིག་ཆའི་ནང་སྟོང་ལོའི་གོང་འཕེལ་དམིགས་འབེན་གྱི་ཁས་ལེན་གསལ་བསྒྲགས་བྱས་ནས། སྟོང་ལོའི་གོང་འཕེལ་དམིགས་འབེན་མགྱོགས་མྱུར་དོན་འཁྱོལ་བྱས་པ་མ་ཟད་སྟོབས་ཤུགས་ངེས་ལྡན་ཡོད་པའི་སྤྱི་ལོ་2015ལོའི་རྗེས་ཀྱི་གོང་འཕེལ་གྲོས་རིམ་གཏན་འབེབས་བྱེད་དགོས་ཞེས་བསྟན་པ་རེད།

སྐབས་68ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་བྱེད་པའི་ཉིན་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྟོང་ལོའི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་ཁ་ཕྱོགས་པའི་བྱེད་སྒོའི་ཐོག་ཤིས་ཚིག་གསུངས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གང་ཐུབ་ཅི་ཐུབ་ཀྱིས་སྟོང་ལོའི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་བ་བྱས་ནས། སྤྱི་ལོ་2015ལོའི་རྗེས་སུ་འཛམ་གླིང་གི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་གཏན་འབེབས་དང་དོན་འཁྱོལ་ཡོང་རྒྱུར་ནུས་ཡོད་ཀྱི་འགོ་འཛུགས་ས་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག