མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིན་ཧུའེ་ནས་ཧིན་རྡུ་ཉི་ཞི་ཡ་དང་པུ་རུ་ནེར་འཚམས་འདྲི་གནང་བར་ཕེབས་ནས་བྲིན་ཚོང་གི་ཕྱི་འབྲེལ་ཞེས་པའི་ལས་དོན་སྤེལ་རྒྱུ་རེད།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-28 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིན་ཧུའེ་སྤྱི་ཟླ་10པའི་ཚེས་6ཉིན་ནས་12ཉིན་བར་ཧིན་རྡུ་ཉི་ཞི་ཡ་དང་པུ་རུ་ནེར་འཚམས་འདྲི་གནང་བར་ཕེབས་ནས་མུ་མཐུད་ཁོང་ནས་རྒྱལ་ཁབ་མང་པོའི་བར་བྲིན་ཚོང་གི་ཕྱི་འབྲེལ་ཞེས་པའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་ནས་སྤྱི་ཚེས་༢༧ཉིན་ཕེའོ་ཅིང་ཧུའེ་ཡི་ད་ཐེངས་འཚམས་འདྲིས་ས་ཁོངས་ནང་ཁུལ་རྒྱལ་ཁབ་ནས་ཉོ་ཚོང་དང་མ་འཇོག་རང་མོས་ཅན་ལ་འགྱུར་རྒྱུ་རྒྱ་ཆེར་གཏོང་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་ཐུབ་ཆེད་འབྲེལ་ཡོད་རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན་པ་རེད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྲོག་ཤིང་རྒྱལ་ཁབ་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་གནང་རིང་ཕིའོ་ཅིན་ཧུའེ་ནས་རྒྱལ་ཁབ་གཉིས་པོས་ཉོ་ཚོང་དང་། ཁོར་ཡུག་སྲུང་སྐྱོབ། རྒྱལ་སྲུང་། ཐོན་ཁུངས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གྲུབ་འབྲས་མཐོ་རུ་གཏོང་ཆེད་ཨེ་ཤ་ཡ་ཤར་ལྷོར་རེས་འཁོར་གཉིས་པའི་བྲིན་ཚོང་གི་ཕྱི་འབྲེལ་ཞེས་པ་སྤེལ་རྒྱུ་ཡིན་པ་རེད།

བྲིན་ཚོང་གི་ཕྱི་འབྲེལ་ཞེས་པ་ནི་འགོ་གཙོའི་གྲོས་ཚོགས་བརྒྱུད་རྒྱལ་ཁབ་གཞན་དག་ལ་རང་རྒྱལ་ཁབ་ཀྱི་ཚོང་ཟོག་གམ་ཡང་ན་ལག་རྩལ་བྲིན་འཚོང་བྱ་རྒྱུར་ཟེར་གྱི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག