མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་དང་ད་ལྟའི་དབུ་བཞུགས་བློན་ཆེན་གཉིས་ཏུང་ཅིང་ས་གནས་ཁྲིམས་ཁང་དུ་ཕན་ཚུན་འདྲི་རྩད་བྱེད་རེས་བྱས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-28 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་དང་ད་ལྟའི་དབུ་བཞུགས་བློན་ཆེན་གྱིས་སྤྱི་ཚེས་26ཉིན་ཏུང་ཅིང་ས་གནས་ཁྲིམས་ཁང་དུ་ཕན་ཚུན་འདྲི་རྩད་བྱེད་རེས་བྱས་པ་རེད། མ་གཞི་ཁོང་རྣམ་གཉིས་ཁྲིམས་ཁང་དུ་སླེབས་མེད་ནའང་ཞུ་གཏུག་དེར་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད་པ་རེད། ལོ་རྒྱུས་ཐོག་མཐོང་དཀོན་པ་ཞེས་བརྗོད་པའི་དབུ་བཞུགས་བློན་ཆེན་ཟུར་པས་ད་ལྟའི་དབུ་བཞུགས་བློན་ཆེན་གཏུག་བཤེར་བྱེད་པའི་ཞུ་གཏུག་གི་དོ་བདག་གཉིས་པོ་ནི་ཅན་ཀྲེ་རན་དང་ཨན་ཕེ་ཅིན་སན་ཡིན་པ་རེད། ཅན་ཀྲེ་རན་གྱི་ཞུ་གཏུག་ཡི་གེའི་ནང་ཨན་ཕེ་ཡིས་སྤྱི་ལོ་2011ལོའི་སྤྱི་ཟླ་5པའི་ཚེས་20ཉིན་ཧྥུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་ཕྱིར་གྱར་བའི་དོན་རྐྱེན་ཐག་གཅོད་བྱེད་སྐབས་སྐབས་དེ་དུས་ཀྱི་དབུ་བཞུགས་བློན་ཆེན་ཅན་ཀྲེ་རན་གྱིས་ཉིང་རྡུལ་གློག་ཁང་གིས་རྡུལ་ཕྲན་ཐབ་ནང་མཚོ་ཆུ་བླུགས་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད་ཅེས་འཁོད་ཡོད་པ་དང་། ཞུ་གཏུག་ཡི་གེའི་ནང་ཨན་ཕེ་ཡི་ཤོད་སྟངས་དེ་ནི་རྦད་དེ་རྫུན་མ་ཡིན་པས། ཨན་ཕེ་ནས་ཡིག་ཆ་དེ་བསུབ་དགོས་པའི་རེ་བ་བཏོན་པ་མ་ཟད་གྱོང་གུན་གསོབ་སྤྲོད་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག