མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ནེ་ལོ་པུས་ཀྱི་འཇབ་རྒོལ་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན“ཡུག་ས་མ་དཀར་ལྡང”འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་སྲིད་གཞུང་གི་རེ་བ་ལྟར། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཚེས26ཉིན་ནེ་ལོ་པུས་ཀྱི་ཝེ་སི་ཐི་ཀའེ་ཐི་ཉོ་ཚོང་ལྟེ་གནས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན། མཚང་མིང་ལ“ཡུག་ས་མ་དཀར་ལྡང”ཟེར་བའི་ལོ་ཉེར་དགུ་ཅན་གྱི་དབྱིན་ཇིའི་བུད་མེད་ལུའུ་སི་ཝེ་ཐི་ལ་རིམ་པ་དང་པོའི་འཛིན་བཟུང་བཀའ་རྒྱ་བཏང་།

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་རང་གི་དྲ་ཚིགས་སྟེང་སྤྱི་སྒྲོག་སྤེལ་ཏེ། ལུའུ་སི་ཝེ་ཐི་ཡིས་འགད་རྫས་བཀོལ་སྤྱོད་བྱས་པའི་ནག་ཉེས་ཆེན་པོ་བསགས་ཡོད་ཟེར། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ནཱ་ཏི་ནོའུ་པེར་གྱིས་བསྟན་དོན། ཁུན་ནེ་ཡཱ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་རིམ་པ་དང་པོའི་འཛིན་བཟུང་བཀའ་རྒྱ་བཏང་སྟེ་ལུའུ་སི་ཝེ་ཐི་འཛམ་གླིང་ཡོངས་ཀྱི་མངའ་ཁོངས་ནས་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

རིམ་པ་དང་པོའི་འཛིན་བཟུང་བཀའ་རྒྱ་ནི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་བར་དམིགས་ཏེ་བེད་སྤྱོད་བྱེད་པའི་བྲེལ་མྱུར་འཛིན་བཟུང་བཀའ་རྒྱ་ཞིག་ཡིན་པ་དང་། རྒྱལ་ཁབ་སོ་སོའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་སོ་སོས་བཀའ་རྒྱ་དེ་གཞིར་བཟུང་ནས་མྱུར་དུ་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ཆོག་པ་རེད།

རྒྱལ་ཁབ་མང་བོའི་གསང་འཕྲིན་སྡེ་ཁག་གིས་བཤད་རྒྱུར། ལུའུ་སི་ཝེ་ཐི་ནི་ཉིས་སྟོང་ལྔ་ལོར་ལོན་ཏོན་གྱི་ས་འོག་ལྕགས་ལམ་གྱི་རང་སྲོག་འགས་གཏོར་འཇབ་རྒོལ་བྱེད་མཁན་ཅེ་མན་ལིན་སེ་ཡི་ཆུང་མ་ཡིན་པ་དང་། ཁོ་མོ་ལོན་ཏོན་གྱི་ས་འོག་ལྕགས་ལམ་གྱི་འགས་གཏོར་དོན་རྐྱེན་བྱུང་རྗེས་གར་སོང་མ་ཤེས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལུའུ་སི་ཝེ་ཐི་ཡིས་གཡར་མིང་ནཱ་ཐཱ་ལེ་ཝེ་པུའུ་ཞེས་པ་བཀོལ་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ལམ་ཡིག་བཟུང་ནས་ཁུན་ནེ་ཡཱ་རུ་སོང་བ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག