མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་སྔར་བཞིན་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་གང་མང་འདོན་སྤྲོད་བྱེད་རྩིས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་སྔར་བཞིན་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་གང་མང་འདོན་སྤྲོད་བྱེད་རྩིས་ཡོད་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཨུ་རུ་སིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་ཡི་འཆར་གཞི་གཞིར་བཟུང་སྟེ་ཡར་སྐུལ་བྱེད་དགོས། ཨ་མེ་རི་ཁས་ང་ཚོའི་བདེན་དཔང་དང་ལེན་བྱས་ཀྱང་། སི་རི་ཡཱའི་ངོ་རྒོལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁོ་ཚོར་མཚོན་ཆ་གང་མང་འདོན་སྤྲོད་བྱེད་པ་སྔར་བཞིན་ཝ་ཧྲིན་ཏོན་གྱི་དམིགས་འབེན་དུ་བཟུང་ཡོད། འཆར་གཞི་དེ་དག་ལག་བསྟར་བྱས་ན་རྒྱལ་ཁབ་དེའི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད། གལ་ཏེ་ང་ཚོས་འཇིགས་ཉེན་རྗེས་སུ་སྣུར་ན་ང་ཚོས་ཞི་བདེའི་འཕེལ་རིམ་དུ་བསྒྱུར་བར་གོ་སྐབས་བཟང་བོ་ཐོབ་སྲིད་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་སི་རི་ཡཱ་རྒྱལ་ཁབ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ནང་ཞུགས་པའི་ཆོད་དོན་ལ་དཔྱད་གླེང་བྱེད་སྐབས་ནན་གྱིས་བསྟན་དོན། མིག་སྔར་དྲག་ཤུགས་མི་སྤྱོད་པར་ཁག་ཐེག་བྱེད་ཐབས་མེད་ཀྱང་། ང་ཚོས་དེའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག