མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ང་ལྔ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་ཚེས26ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེའི་པུས་ལུའུ་ཀྲི་ཞིང་ཆེན་དུ་བྱུང་བའི་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་ལས་ཉུང་མཐར་ཡང་མི་སུམ་བརྒྱ་དང་ང་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་བརྒྱ་ཙམ་ལ་རྨས་ཕོག་ཡོད་ལ། གཞན་ཡང་ཁང་བ་གྱན་བརྒྱ་ཕྲག་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།

ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེའི་དོ་དམ་ཅུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གསལ་སྒྲོག་ལས། རྒུད་སྐྱོབ་མི་སྣས་སྔར་བཞིན་ཞིག་རོའི་འོག་ཏུ་མནན་པའི་མི་སྐྱོབ་བཞིན་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལས་ས་འགུལ་དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་ལྔ་བརྒྱ་ལས་བརྒལ་སྲིད་ཟེར།

ཐེངས་འདིར་ས་འགུལ་བྱུང་སའི་གནས་གཙོ་བོ་ཨ་ཝ་ལན་ནི་ཕཱ་ཁི་སི་ཐན་གྱི་ཆེས་དབུལ་ཕོངས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ས་འགུལ་ལས་བརྒྱ་ཆའི་དགུ་བཅུའི་ཡན་གྱི་ཁང་བར་གཏོར་བརླག་ཐེབས་ཡོད་པས། གནོད་ཐེབས་མང་ཚོགས་ལ་འགྲོ་སའི་ཁྱིམ་གཞིས་མེད་པར་ཤིང་སྣེ་དང་རས་སྣེ་ཡིས་ལས་པའི་གནས་སྐབས་ཀྱི་སྡོད་གནས་སུ་མི་སྡོད་ཐབས་མེད་ཡིན་ཟེར།

ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གནོད་ཐེབས་ས་ཁུལ་དུ་མིག་སྔར་ཟས་རིགས་དང་འཐུང་ཆུ། རས་གུར་སོགས་དངོས་རྫས་མཁོ་གལ་ཆེ་བ་དང་། སྨན་རྫས་དཀོན་པའི་དབང་གིས་གནོད་ཐེབས་ས་ཁུལ་དུ་ཡོང་བའི་སྨན་པས་དུས་ལྟར་གསོ་བཅོས་བྱེད་ཐབས་མེད་ལ། ཐོག་མར་ས་གནས་སྡོད་དམངས་ལ་སེམས་གཙོ་ཙམ་མི་བྱེད་ཐབས་མེད་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག