མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་ཕྱིར་སི་རི་ཡཱ་རུ་ལོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་གྱི་རྟོག་ཞིབ་ཚན་ཆུང་ཚེས25ཉིན་སི་རི་ཡཱ་རུ་ལོག་སྟེ། མུ་མཐུད་དུ་སི་རི་ཡཱ་ནས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་རེད།

རྟོག་ཞིབ་ཚན་ཆུང་གི་འགན་ཁུར་བ། སུའེ་ཏེན་གྱི་ཚན་རིག་པ་སེར་སི་ཐི་ལོན་གྱིས་ཉིན་དེར་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཏཱ་མཱ་ཧྲི་ཀིའི་གྲོང་ཁྱེར་ལྟེ་གནས་ཀྱི་དུས་བཞིའི་མགྲོན་ཁང་དུ་འབྱོར་ཡང་གསར་འགྱུར་ལས་རིགས་ལ་རྣམ་འགྱུར་ཅི་ཡང་བསྟན་མེད།

རྟོག་ཞིབ་ཚན་ཆུང་ཐེངས་འདིར་སི་རི་ཡཱ་རུ་ལོག་པ་ནི་ཟླ་སྔོན་མར་ཡོངས་འགྲུབ་བྱས་མེད་པའི་རྫས་འགྱུར་མཚོན་ཆར་རྟོག་ཞིབ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པའི་ཆེད་དུ་རེད། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྟོག་ཞིབ་ཚན་ཆུང་ཐོག་དང་པོར་སི་རི་ཡཱ་རུ་སོང་ནས། སི་རི་ཡཱའི་འཐབ་འཁྲུག་སྟེང་རྫས་འགྱུར་མཚོན་ཆ་ཐེངས་གསུམ་ལ་བེད་སྤྱོད་བྱས་པར་བསྒྲགས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དེའི་ནང་རྟོག་ཞིབ་ས་གནས་ཤིག་ནི་བྱང་ཕྱོགས་གཀྱི་ཨ་ལེ་པའོ་ཞིང་ཆེན་གྱི་ཁན་ཨ་སཱ་གྲོང་རྡལ་ཡིན་པ་རེད། སི་རི་ཡཱའི་སྲིད་གཞུང་གིས་སྔོན་ཆད་བསྟན་དོན། ངོ་རྒོལ་ཕྱོགས་ཁག་གིས་ཟླ་གསུམ་པར་ཁན་ཨ་སཱ་གྲོང་རྡལ་ནས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་ནས་སྲིད་གཞུང་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་པར་བཤད་མྱོང་།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་གྲོང་ཁྱེར་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་ཨ་མེ་རི་ཁས་དྲག་ཤུགས་ལ་བརྟེན་ནས་ཀྲུང་ཏུང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག