མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཚེ་སྲོག་ལ་འཇིགས་ཉེན་ཐེབས་པས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དུ་ཞུགས་པའི་འཆར་གཞི་མེད་པར་བཏང་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས25ཉིན་བཤད་རྒྱུར། ཚེ་སྲོག་ལ་འཇིགས་ཉེན་ཐེབས་པའི་དབང་གིས། རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཁོས་ཉིག་ཡོ་གྲོང་ཁྱེར་དུ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པའི་འཆར་གཞི་མེད་པར་བཟོས་པ་ཡིན་ཟེར།

མཱ་ཏུའུ་ལོ་ཡིས་བཤད་རྒྱུར། ཝུན་ཀི་ཧྭ་ནས་གནམ་གྲུ་བརྒྱུད་གཏོང་བྱེད་སྐབས། ཁོ་ལ་གསང་འཕྲིན་འབྱོར་ཏེ། དཀྲུགས་འཕེན་དོན་རྐྱེན་ཚབས་ཆེན་གཉིས་ཡོད་པར་བཤད་དེ། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནང་ཞུགས་པའི་འཆར་གཞི་མེད་པར་བཟོ་བར་ཡར་སྐུལ་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག