མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་གྱི་ཙུང་ཐུང་ལུ་ཧ་ནིས་ཨ་རིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་གནང་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན་དབྱི་རན་གྱི་ཙུང་ཐུང་ལུ་ཧ་ནིས་ཨ་རིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་གནང་སྐབས། དབྱི་རན་དང་ཨ་རིའི་བར་མཐུན་སྦྱོར་དུས་ཚོད་མི་འདིང་བའི་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཐུག་འཕྲད་བྱེད་རྒྱུའི་བཀོད་སྒྲིག་བྱས་མེད་ཀྱང་། ངས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

ཉེ་ཆར་བཏོན་པའི་ལྟ་བ་རབ་དང་རིམ་པར་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གྱི་དབང་ཆ་ཐོབ་ཡོད་དམ་ཞེས་དྲིས་པར། ལུ་ཧ་ནིས་དབྱི་རན་གྱི་ཙུང་ཐུང་ཡིན་པའི་ངོས་ནས། བྱེད་དགོས་ངེས་དང་། ཁ་ཚ་དགོས་གཏུག་གི་སྐབས་སུ་དབྱི་རན་གྱི་རྒྱལ་ཁབ་ཁེ་ཕན་ཆེད་དུ་གྲོས་མོལ་བྱེད་དབང་ཡོད་པ་མ་ཟད། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་ཡིས་ཀྱང་དེ་སྔོན་རྒྱལ་ཁབ་ཀྱི་ཁེ་ཕན་འགན་སྲུང་བྱེད་ཆེད་ཡིན་ཚེ། ཁོང་གིས་གྲོས་མོལ་བྱེད་པར་ངོ་རྒོལ་བྱེད་མི་སྲིད་ཅེས་གསུངས་མྱོང་ཡོད་ཅེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག