མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གནམ་གཤིས་འགྱུར་བའི་སྐོར་ལ་གཏམ་བཤད་སྤེལ་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ཁང་དུ། ཁོང་གིས་དུས་སང་སྤྱི་ཟླ་༩པའི་གོང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་སྤྱི་ལོ་2014ལོའི་གནམ་གཤིས་འགྱུར་བའི་འགོ་གཙོའི་གྲོས་ཚོགས་ལ་གདན་འདྲེན་ཞུས་ནས་གནམ་གཤིས་འགྱུར་བའི་གྲོས་མོལ་ལ་སྐུལ་སྤེལ་གཏོང་རྩིས་ཡོད་ཅེས་གསུངས་འདུག

ཕན་ཅི་ཝུན་གྱིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་འགོ་གཙོའི་གྲོས་ཚོགས་ཐོག་བློ་ཁོག་ཆེན་པོས་ཁས་ལེན་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས་འོག་གི་གནམ་གཤིས་འགྱུར་བའི་གྲོས་མོལ་ལ་སྐུལ་སྤེལ་གཏོང་དགོས་པའི་རེ་འབོད་གནང་འདུག

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2014ལོའི་གནམ་གཤིས་འགྱུར་བའི་འགོ་གཙོའི་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་སྐོར་གྱི་གྲོས་མོལ་གྱི་ཆ་ཤས་ཤིག་མིན་པ་དང་། འགོ་གཙོའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་སྤྱི་ལོ་2014ལོའི་གོང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་ཚང་མས་བེད་སྤྱོད་གཏོང་ཐུབ་པའི་ཁྲིམས་ལུགས་ཡིག་ཆའམ་ཡང་ན་གྲུབ་འབྲས་གཏན་འཁེལ་བྱེད་རྒྱུར་སྐུལ་སྤེལ་གཏོང་ཆེད་ཡིན་པ་རེད། འགོ་གཙོའི་གྲོས་ཚོགས་ནང་ཞུགས་མཁན་གྲས་སུ་ད་དུང་ཚོང་ལས་ལས་རིགས་དང་། དངུལ་རྩའི་ལས་རིགས། དམངས་ཁྲོད་ཚོགས་པ། ས་གནས་དཔོན་རིགས་སོགས་ཚུད་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག