མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ཙུང་ཐུང་ཨའོ་པ་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་དབྱི་རན་གྱི་ཙུང་ཐུང་ལུ་ཧ་ནི་དང་མཇལ་མོལ་གནང་རྒྱུ་མིན་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན་ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཉིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ཁང་དུ་སྐོང་འཚོགས་བྱས་པའི་གསར་འགྱུར་ལས་རིགས་ཀྱི་ཟུར་གསལ་ཚོགས་འདུའི་ཐོག ཨ་རིའི་ཙུང་ཐུང་ཨའོ་པ་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་དབྱི་རན་གྱི་ཙུང་ཐུང་ལུ་ཧ་ནི་དང་དངོས་སུ་མཇལ་མོལ་གནང་མི་སྲིད་ཅེས་གསུངས་འདུག

ཁོང་གིས་ཨའོ་པ་མ་སྲིད་གཞུང་གིས་འགན་གནས་བཟུང་ཚུན་ནས་ད་བར་དབྱི་རན་བར་འབྲེལ་གཏུག་བྱེད་བཞིན་ཡོད། དེའི་ཐོག་ནས་ཨ་རི་སྲིད་གཞུང་གིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་འདོད་ཡོད་པ་མཚོན་གྱི་ཡོད། འོན་ཀྱང་ཨ་རིའི་ཙུང་ཐུང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་གྲོས་ཆོད་གང་ཞིག་གི་ཆེད་དུ་དབྱི་རན་བར་ཐད་ཀར་གྲོས་མོལ་བྱེད་མི་སྲིད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱོགས་དྲུག་བར་ཕྱི་འབྲེལ་ཐབས་ལམ་བརྒྱུད་དགོས་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག