མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས2014ལོར་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་སྟེང་ནམ་ཟླའི་འགྱུར་ལྡོག་གི་གྲོས་མོལ་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས24ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བཤད་རྒྱུར། ཁོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་སང་ལོའི་སྤྱི་ཟླ9བར2014ལོའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ་ནམ་ཟླའི་འགྱུར་ལྡོག་གི་གྲོས་མོལ་ལ་ཡར་སྐུལ་བྱེད་པར་གདན་ཞུ་བྱས་ཡོད་ཟེར།

ནམ་ཟླའི་འགྱུར་ལྡོག་གནད་དོན་ཐད་ནས་ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོའི་འཐུས་མིར་བཤད་རྒྱུར། ཐན་ཉུང་གི་ཐབས་ལམ་ནི་ལས་ཞུགས་གསར་སྐྲུན་དང་སྤྱི་པའི་བདེ་ཐང་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་ཤིག་ཡིན་པ་དང་། ང་ཚོ་ལམ་དེར་ཞུགས་པར་རོགས་རམ་བྱེད་ཆེད་ངས་ཁྱེད་ཚོ་ལོ་གཅིག་གི་རྗེས་སུ་ཉིག་ཡོ་ནས་བསྡུ་རྒྱུ་ཡིན་པའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་པ་ཡིན་ཟེར།

ཕན་ཅི་བུན་གྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་དེའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྤྱི་ཆིངས་ཀྱི་ཁྱབ་ཁོངས་འོག་ནམ་ཟླའི་འགྱུར་ལྡོག་ལ་གྲོས་བསྡུར་བྱེད་པར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག