མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཧྥ་རན་སིའི་དམག་ཕྱོགས་ཀྱི་འགོག་སྲུང་འཐབ་ཇུས་གྲོས་མོལ་ཕཱ་རེ་སི་ནས་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སིའི་དམག་ཕྱོགས་ཀྱི་འགོག་སྲུང་འཐབ་ཇུས་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་ཚེས22ཉིན་ནས་ཚེས24ཉིན་བར་ཕཱ་རེ་སི་ནས་སྤེལ།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱིའི་ཇུས་འདོན་པ་གཞོན་པ་བང་ཀོན་ཀྲུང་དང་ཧྥ་རན་སིའི་དམག་གསུམ་གྱི་སྤྱིའི་ཇུས་འདོན་པ་གཞོན་པ་མེ་ཨར་གཉིས་ཀྱིས་མཉམ་དུ་གྲོས་མོལ་ལ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་དམག་དཔུང་གི་འབྲེལ་བའི་འཕེལ་རྒྱས་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ལྷག་བསམ་རྣམ་དག་གིས་འཛུགས་སྐྲུན་རང་བཞིན་ལྡན་ལ་དོན་དངོས་གྲུབ་འབྲས་ལྡན་པའི་བརྗེ་རེས་བྱས།

གྲོས་མོལ་ལ་ཞུགས་སྐབས། བང་ཀོན་ཀྲུང་གིས་ཚེས་ཉེར་བཞིའི་ཉིན་ཧྥ་རན་སིའི་དམག་གསུམ་གྱི་སྤྱིའི་ཇུས་འདོན་པ་ཅི་ཡོ་ལ་ཐུག་འཕྲད་བྱས། ཅི་ཡོ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་དེ་ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་ཇེ་ཟབ་ཏུ་འགྲོ་བ་དང་། ཕན་ཚུན་ཆ་རྒྱུས་གསལ་བོ་ལོན་པ། དམག་དཔུང་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་པ་བཅས་ལ་གལ་འགངས་ཧ་ཅང་ཆེ། ཧྥ་རན་སིའི་ཕྱོགས་དམག་དཔུང་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཚིམས་ཡོད་པར་མ་ཟད་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

བང་ཀོན་ཀྲུང་གིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་། དམག་དཔུང་བར་གྱི་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་གྲོས་མོལ། དམག་དཔུང་གི་བརྗེ་རེས་བཅས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་འབྲེལ་འདྲིས་དང་དངོས་གཉེར་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག