མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

གླིང་སྣེ་བྱང་མའི་གླེང་སྟེགས་སྐབས་གསུམ་པ་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གླིང་སྣེ་བྱང་མའི་གླེང་སྟེགས་སྐབས་གསུམ་པ་ཚེས24ཉིན་ཨུ་རུ་སིའི་སཱ་ལེ་ཧཱ་ཨར་ཏི་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། གླིང་སྣེ་བྱང་མའི་གནད་དོན་གྱི་ཆེད་མཁས་པ་སུམ་བརྒྱ་དང་བདུན་ཅུ་ལྷག་གྲོས་ཚོགས་ལ་ཞུགས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། འཁྱག་གླིང་གི་ཙུང་ཐུང་ཀི་ལི་མུའུ་སུང་། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐི་གླེང་སྟེགས་ལ་ཞུགས་རྒྱུ་མ་ཟད། གླིང་སྣེ་བྱང་མའི་ས་ཁུལ་གྱི་མཉམ་ལས་ཐད་ནས་གྲོས་མོལ་བྱས།

སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་གླིང་སྣེ་བྱང་མ་སྟེ་གྲོས་མོལ་གྱི་མངའ་ཁོངས་ཞེས་པ་དེ་ཡིན་ལ། གླིང་སྣེ་བྱང་མ་ས་ཁུལ་དུ་འབྱུང་སྲིད་པའི་ནམ་ཟླའི་འགྱུར་ལྡོག་དང་བཙོག་བཟོའི་གནས་བབ། བཟོ་ལས་འཕེལ་རྒྱས་བཅས་ཀྱིས་གླིང་སྣེ་བྱང་མའི་སྡོད་དམངས་ལ་ཐེབས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད། གླིང་སྣེ་བྱང་མ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཚེས24ཉིན་ནས་ཚེས25ཉིན་གཉིས་ཀྱི་ཚོགས་ཡུན་ནང་གྲོས་ཚོགས་ལ་ཞུགས་མཁན་དག་གིས་ཆེད་དོན་གྲོས་བསྡུར་མང་བོ་སྤེལ་རྒྱུ་ཡིན་པ་དང་། གྲོས་རིམ་ལ་གླིང་སྣེ་བྱང་མ་ས་ཁུལ་གྱི་སྡོད་དམངས་བདེ་ཐང་དང་། ཁོར་ཡུག་སྲུང་སྐྱོབ། གླིང་སྣེ་བྱང་མའི་འཕེལ་རྒྱས། བེད་སྤྱོད་བྱེད་པའི་སྐྱེ་ཁམས་བདེ་འཇགས། སྦགས་བཙོག དངོས་སྐྱེས་སྣ་མང་ཅན་སོགས་འདུས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཚེས་ཉེར་ལྔ་ཉིན་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ་རྒྱུ་ཡིན་པ་དང་། ཁོས་དེའི་སྔོན་འཚམས་འདྲིར་ཡོང་བའི་འཁྱག་གླིང་གི་ཙུང་ཐུང་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གླིང་སྣེ་བྱང་མ་ས་ཁུལ་གྱི་མཉམ་ལས་ཐད་ནས་གྲོས་མོལ་བྱས་པ་དང་། ནུས་ཁུངས་དང་ནགས་ལས། ཉ་གསོ་ལས་རིགས། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་སོགས་ཁྱབ་ཁོངས་ལ་འབྲེལ་བ་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག