མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་དང་ཨོ་པཱ་མཱ་གཉིས་ཀྱིས་བལྟས་ན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པར་འདོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས24ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བལྟས་ན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པ་དང་སྔར་ལས་མང་བའི་མི་ལ་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་པར་འདོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཕན་ཅི་བུན་གྱིས་ཉིན་དེར་ཨོ་པཱ་མཱ་དང་མཉམ་དུ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ནུས་པ་འདོན་པར་གལ་འགངས་ཧ་ཅང་ཆེ་པར་འདོད།

ཕན་ཅི་བུན་དང་ཨོ་པཱ་མཱ་ཡིས་ད་རུང་ཨ་མེ་རི་ཁ་དང་དབྱི་ལིང་གི་འབྲེལ་བ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འཕེལ་རིམ་ལ་གྲོས་བསྡུར་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་སོ་མཱ་ལི་ལ་རྒྱབ་སྐྱོར་བྱེད་པ་དང་། འགྲོ་མིའི་ཐོབ་ཐང་། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་བཅོས་བསྒྱུར་སོགས་ལ་གྲོས་བསྡུར་བྱས།

ཨོ་པཱ་མཱ་ཡིས་ཚེས24ཉིན་གྱི་སྔ་དྲོར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་ཨ་མེ་རི་ཁའི་ཀྲུང་ཏུང་སྲིད་ཇུས་རྒྱས་བཤད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག