མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དུ་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

1.jpg

ཚེས24ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཕཱ་ཁི་སི་ཐན་དུ་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་། འདི་ནི་ས་འགུལ་བྱུང་རྗེས་མི་མང་བོ་སྲང་ལམ་དུ་འདུས་པའི་ཚུལ་རེད།

2.JPG

ཚེས24ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཕཱ་ཁི་སི་ཐན་དུ་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཏཱ་ཨར་པིན་ཏེན་ས་ཁུལ་དུ་ཚེས24ཉིན་ཚད་རིམ་བདུན་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅོ་ལྔ་ཡོད། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་བདེན་དཔང་བྱས་དོན། མིག་སྔར་ས་ཁུལ་ལས་ཉུང་མཐར་ཡང་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་སྐྱོན་ཕོག གཞན་ཡང་ཁང་བ་མང་བོར་གཏོར་བརླག་ཐེབས། ཚོད་དཔག་བྱས་ན་ཤི་རྨས་བྱུང་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ལ། མིག་སྔར་རྒུད་སྐྱོབ་དམག་དཔུང་གིས་ཞིག་རོའི་འོག་ཏུ་བཅུག་པའི་མི་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

    ས་འགུལ་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་བྱུང་བ་དང་། ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་ཐོག་མར་ཚད་འཇལ་བྱས་པ་ནི་ས་འགུལ་གྱི་ཚད་རིམ་བདུན་དང་གྲངས་ཆུང་བཞི་ཡིན་པ་དང་གཏིང་ཚད་ལ་སྤྱི་ལེ་ཉེར་དགུ་ཡོད་པར་བཤད་ཀྱང་། དེའི་རྗེས་སུ་དེར་ཡང་བསྐྱར་བཅོས་པ་རེད།

    ཐེངས་འདིའི་ས་འགུལ་གྱི་ཡོམ་འགུལ་གྱི་ཚད་ཧ་ཅང་དྲག་པ་དང་། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་ཀྱང་ཚོར་བ་མངོན་གསལ་ཡོད་ལ། ཐོག་ཁང་མཐོན་པོའི་ནང་གི་གཞུང་སྒྲུབ་མི་སྣ་མི་ཉུང་བ་ཞིག་སྲང་ལམ་དུ་བྲོས་ཡོང་ཡོད།

    ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱའི་ལྷོ་ནུབ་ཕྱོགས་ཀྱི་ཨ་ཝ་ལན་རྫོང་དུ་ས་ཁང་བརྒྱ་ཕྲག་འགའ་ས་འགུལ་ཁྲོད་རྡིབས་པ་དང་། པུས་ལུའུ་ཀྲི་སྲིད་གཞུང་གི་མགྲིན་ཚབ་པས་ཨ་ཝ་ལན་རྫོང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

    ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་ཤི་རྨས་ཚབས་ཆེན་བཟོས་ཡོད་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མི་མང་བོ་གཏོར་བརླག་ཐེབས་པའི་ཁང་བའི་འོག་ཏུ་མནན་ཡོད་ངེས་ལ། ས་འགུལ་བྱུང་སའི་ས་ཁུལ་གཙོ་བོར་སྨན་བཅོས་མི་སྣ་ཉུང་བས། མིག་སྔར་སྨན་བཅོས་དཔྱད་ཆས་སོགས་གནས་གཞན་ནས་བྲེལ་མྱུར་གྱིས་སྐྱེལ་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག