མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་གྱི་དཔལ་འབྱོར་དཔྱད་གླེང་ཚོགས་འདུ་བྷང་ག་ལཱ་རུ་བསྡུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ཀྱི་ཀྲུང་དབྱང་དངུལ་ཁང་དང་དབྱི་སི་ལན་དངུལ་ལོར་ཞབས་ཞུའི་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་དབྱི་སི་ལན་དཔལ་འབྱོར་དཔྱད་གླེང་ཚོགས་འདུ་ཚེས23ཉིན་བྷང་ག་ལཱའི་རྒྱལ་ས་ཏཱ་ཁཱ་ནས་བསྡུས།

བྷང་ག་ལཱ་རྒྱལ་ཁབ་ནི་ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་གཙོ་སྒྲུབ་རྒྱལ་ཁབ་ཡིན་པ་དང་། བྷང་ག་ལཱ་རྒྱལ་ཁབ་ཀྱི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ལཱ་ཧི་མན་གྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་ཕུལ། ཕཱ་ཁི་སི་ཐན་དང་སིང་ག་ལཱ། འཇར་པན། མཱ་ལེ་ཞི་ཡཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་པོ་སོགས་བསྡོམས་པས་འཐུས་མི་བཞི་བཅུ་ལྷག་དཔྱད་གླེང་ཚོགས་འདུར་ཞུགས།

ཐེངས་འདིའི་དཔལ་འབྱོར་དཔྱད་གླེང་ཚོགས་འདུའི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། གཙོ་བོ་དབྱི་སི་ལན་གྱི་དངུལ་ལོར་ཞབས་ཞུའི་ལས་རིགས་འཛམ་གླིང་ཡོངས་དང་ས་ཁོངས་སུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། དབྱི་སི་ལན་རྒྱལ་ཁབ་ཀྱི་དངུལ་ལོར་ཡོ་བྱད་ཀྱི་འཕེལ་རྒྱས། དབྱི་སི་ལན་གྱི་དངུལ་ལོར་ཞབས་ཞུའི་ལས་རིགས། དབྱི་སི་ལན་གྱི་དངུལ་ལོར་མ་ལག་གི་འཛུགས་སྐྲུན་སོགས་གླེང་གཞིའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག