མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་མི་ང་གསུམ་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས23ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ཕྱོགས་དང་ཤར་ཕྱོགས་སུ་གནས་པའི་ས་ཁུལ་གསུམ་ལ་ཉིན་དེར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ང་གསུམ་ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། པཱ་ཀ་ཏཱའི་བྱང་ངོས་ཀྱི་ཨ་ཏི་ཧཱ་མུས་ཡེ་ས་ཁུལ་ནས་ཉིན་དེར་དུར་འཇུག་མཛད་སྒོ་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་ལྔར་རྨས་ཕོག སུའུ་ལེ་ཁི་ས་ཁུལ་གྱི་སྤྱི་གླིང་ཞིག་ཏུ་ཉིན་དེར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་ལ་རྨས་ཕོག གཞན་ཡང་པཱ་ཀ་ཏཱའི་ཤར་ངོས་ཀྱི་སཱ་ཏི་ཨར་གྲོང་ཁྱེར་གྱི་འཚིག་ཇ་གསོལ་ཁང་ཞིག་ལའང་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག