མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱ་ནས་རྫས་འགྱུར་མཚོན་ཆ་ནང་འདྲེན་བྱས་པར་ཁས་ལེན་མ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ཡིས་ཚེས23ཉིན་གྱི་དགོང་མོར་པེ་རུ་ཐི་ནས་གཏམ་བཤད་སྤེལ་ཏེ། སི་རི་ཡཱ་ནས་རྫས་འགྱུར་མཚོན་ཆ་ནང་འདྲེན་བྱས་པར་བཤད་པའི་གནས་ཚུལ་ཁས་ལེན་མ་བྱས།

ནཱ་སི་ལུའུ་ལཱ་ཡིས་ཉིན་དེའི་དགོང་མོར་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་སྤེལ་ནས། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་རེ་འགས་ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱ་ནས་རྫས་འགྱུར་མཚོན་ཆ་ནང་འདྲེན་བྱས་པ་དང་། སི་རི་ཡཱའི་དཔོན་རིགས་ཀྱིས་ཀྲིན་ཀྲུའུ་ཏང་དང་མཉམ་དུ་ཀྲིན་ཀྲུའུ་ཏང་ལ་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པར་གྲོས་བསྡུར་བྱས་པར་བཤད་པའི་གནས་ཚུལ་རྩ་བ་ནས་ཁས་ལེན་མ་བྱས།

ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ང་ཚོས་སྔོན་ཆད་ཐེངས་མང་བོར་སི་རི་ཡཱའི་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་དང་མཚོན་ཆ་སྣ་ཚོགས་འདོན་སྤྲོད་བྱས་པ་ཁྱབ་སྒྲོག་བྱས་མྱོང་ཡང་། ངས་འདི་ནས་ནན་བཤད་བྱེད་དགོས་པ་ཞིག་ནི་རྫས་འགྱུར་མཚོན་ཆ་གཏན་ནས་ཐོབ་མ་མྱོང་ཟེར།

ནཱ་སི་ལུའུ་ལཱ་ཡིས་བལྟས་ན། དམག་དོན་ཐེབས་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་འདོད་བློར་ཕམ་ཉེས་བྱུང་བ་དང་། དམག་དོན་འགུལ་སྐྱོད་ལས་རེ་སྨོན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་མི་ཐུབ་ལ། ཆབ་སྲིད་གྲོས་མོལ་ལ་བརྟེན་ན་ད་གཟོད་སི་རི་ཡཱ་ཉེན་ཁ་ལས་སྐྱོབ་ཐུབ་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག