མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཚེས26ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་པའི་རེ་བ་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚེས23ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། དབྱི་ལིང་དང་རྒྱལ་སྤྱིའི་འདུམ་འགྲིག་ཕྱོགས་དྲུག་གིས་གཟའ་འཁོར་འདིའི་གཟའ་ཕུར་བུའི་ཉིན་གྲོས་མོལ་བྱེད་ཐུབ་པར་རེ་བ་ཡོད་ཟེར།

ཨ་ཧྲི་ཏོན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་གཟའ་ཕུར་བུའི་ཉིན་དབྱི་ལིང་དང་རྒྱལ་སྤྱིའི་འདུམ་འགྲིག་ཕྱོགས་དྲུག་བར་གྱི་གྲོས་མོལ་སྐབས་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཨ་མེ་རི་ཁ་དང་དབྱི་ལིང་གི་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་ཀྱིས་ལོ་ངོ་དྲུག་གི་རིང་ཐོག་དང་པོར་གྲོས་མོལ་བྱས་པ་རེད། ཐེངས་སྔོན་མའི་ཨ་མེ་རི་ཁ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ནི་ཉིས་སྟོང་བདུན་ལོའི་ཟླ་ལྔ་བར་སྤེལ་བ་ཡིན་ལ། སྐབས་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལེ་སི་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་མུའུ་ཐཱ་ཅི་གཉིས་ཀྱིས་ཨེ་ཅིབ་ནས་གྲོས་མོལ་བྱས་པ་རེད་ཟེར།

ཨ་ཧྲི་ཏོན་གྱིས་ནམ་རྒྱུན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་མོལ་བྱེད་པའི་འདོད་བློ་བཅངས་ཡོད་པ་དང་། ཉིན་དེར་ཁོ་མོས་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས། ཁོ་མོས་རང་ཉིད་ཀྱིས་དབྱི་ལིང་དང་རྒྱལ་སྤྱིའི་འདུམ་འགྲིག་ཕྱོགས་དྲུག་བར་གྱི་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་སྒུལ་ཤུགས་དང་ཆོད་སེམས་རྙེད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག