མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཁི་ཨར་གྱིས་བསྟུད་མར་འཇར་མན་གྱི་ཙུང་ལིའི་འགན་ཁུར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས22ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་སྟེང་དངོས་སུ་མགོ་བརྩམས་པ་དང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ད་ལྟའི་ཙུང་ལི་མའོ་ཁི་ཨར་གྱིས་ཐེངས་གསུམ་པར་བསྟུད་འགན་ཁུར་རྒྱུ་རེད།

འཇར་མན་རྒྱལ་ཡོངས་སུ་བསྡོམས་པས་ཏང་ཁག་སོ་བཞི་ཡོད་པ་དང་། འདེམ་སྒུག་མི་སྣ་སྟོང་བཞི་ལྷག་ཐེངས་འདིའི་འདེམ་བསྐོ་ལ་ཞུགས། འཇར་མན་སྲིད་སྟེགས་ཀྱི་སྲིད་ཏང་གཙོ་བོ་ལྔའི་བར་འགྲན་རྩོད་དྲག་པོ་བྱུང་། འདེམ་བསྐོའི་སྔོན་གྱི་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པ་ལྟར་ན། མིག་སྔར་སྲིད་སྐྱོང་བའི་ཏང་ཁག་དང་སྲིད་དབང་བཟུང་མེད་པའི་ཏང་ཁག་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཧ་ལམ་དོ་མཉམ་རེད། འདེམ་བསྐོའི་འགན་ཁུར་བའི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། འདེམ་ཤོག་འཕེན་པའི་ཉིན་མོ་དེར་འདེམ་ཤོག་འཕེན་སའི་ཉེ་འདབས་སུ་སྲིད་ཏང་གང་རུང་གི་བརྡ་ཁྱབ་སྤེལ་ནས་འདེམ་དམངས་ཀྱི་བློ་སེམས་ཉིས་འགལ་དུ་གཏོང་མི་རུང་ཟེར། གལ་ཏེ་མའོ་ཁི་ཨར་གྱིས་བསྟུད་མར་ལོ་བཞི་ལ་སྲིད་བསྐྱངས་ན། སྔོན་ཆད་དབྱིན་ཇི་ལ་ལོ་ངོ་བཅུ་གཅིག་རུ་དོ་དམ་བྱས་པའི་ལྕམ་མོ་སཱ་ཆེར་ལས་མང་བ་དང་། ཡོ་རོབ་གླིང་དང་ཐ་ན་འཛམ་གླིང་ཡོངས་སུ་སྲིད་སྐྱོང་གི་དུས་ཡུན་ཆེས་རིང་བའི་བུད་མེད་གཙོ་འཛིན་དུ་འགྱུར་སྲིད།

འདེམ་བསྐོ་ཆེན་མོའི་འདེམ་ཤོག་འཕེན་པའི་བྱ་བ་དེ་ཚེས22ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་སྟེང་མཇུག་སྒྲིལ། འཇར་མན་བརྙན་འཕྲིན་ཁང་གིས་ཉིན་དེའི་དགོང་མོར་འདེམ་བསྐོའི་ཚོད་དཔག་མཇུག་འབྲས་ཁྱབ་སྒྲོག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག