མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁུན་ནེ་ཡཱའི་ཚོང་རའི་འཇབ་རྒོལ་དོན་རྐྱེན་ཁྲོད་མི་རེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་དོན་ལྔ་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས22ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་སའི་ཚོང་ར་ཞིག་ནས་བྱུང་བའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་རེ་བརྒྱད་དུ་ཇེ་མང་ལ་སོང་ཡོད་ཟེར།

ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་བཤད་རྒྱུར། མཉམ་འབྲེལ་གྱི་སྔོག་བཤེར་འགུལ་སྐྱོད་ཅིག་ལས་ཡང་བསྐྱར་ཤི་བོའི་བེམ་པོ་དགུ་རྙེད་པ་དང་། གཞན་ཡང་མི་བརྒྱ་དང་དོན་ལྔ་ལྷག་ལ་འཇབ་རྒོལ་དེའི་ཁྲོད་རྨས་སྐྱོན་ཕོག་ཡོད་ཟེར། དྲག་ཆས་མི་སྣ་སྐོར་ཞིག་ཚེས་ཉེར་གཅིག་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ཀྱི་ཉོ་ཚོང་ལྟེ་གནས་ཤིག་ཏུ་ཡོང་ནས། མེ་མདས་གང་འདོད་དུ་བརྒྱབ་པར་མ་ཟད་ལག་འབོམ་འགས་གཏོར་བཏང་། སོ་མཱ་ལིའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ན་གཞོན་ཏང་གིས་དམར་གསོད་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས།

ཚོད་དཔག་བྱས་པ་ལྟར་ན། དྲག་ཆས་ཉེས་ཅན་བཅུ་དང་བཅོ་ལྔ་ཙམ་སྔར་བཞིན་ཚོང་རའི་ནང་སྦས་སྐོང་བྱས་ཡོད་པར་མ་ཟད། ཁ་གྲངས་གསལ་བོར་མི་ཤེས་པའི་མི་གཏའ་སྐོར་ཞིག་བཙན་ཁྲིད་བྱས་ཡོད་ཟེར།

ཁུན་ནེ་ཡཱའི་དམག་དཔུང་བརྩེགས་རིམ་བཞི་ཅན་གྱི་ཚོང་ར་དེའི་ནང་སོང་བ་དང་། ཚོང་རའི་ནང་ནས་དུས་ངེས་མེད་དུ་མེ་མདའི་སྒྲ་གྲགས་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག