མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁུན་ནེ་ཡཱའི་རྒྱལ་ས་ནས་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལ་རྨས་ཕོག་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 11:11

k1.jpg

ཉེན་རྟོག་པ་ཞིག་གིས་བྱིས་པ་ཞིག་འཁྲུག་རྩོད་བྱེད་སའི་ཡུལ་དངོས་ནས་གནས་གཞན་དུ་འཁྱེར་བཞིན་པ།

k2.jpg

ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

k3.jpg

ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

k4.jpg

ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

k5.jpg

ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

k6.jpg

ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ཀྱི་ཚོང་ར་ཆེན་པོ་ཞིག་ནས་ཚེས21ཉིན་ཉེན་རྟོག་པ་དང་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་སོ་མཱ་ལིའི་ན་གཞོན་ཏང་གིས་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས།

    ཁུན་ནེ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཚོང་རའི་གནས་བབ་ལ་ཚོད་འཛིན་བྱས་ཡོད་པར་བཤད་ཀྱང་། ཡུལ་དངོས་གནས་ཚུལ་གསལ་བོ་མི་ཤེས་ལ། ཤི་རྨས་ཐེབས་པའི་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་སྲིད་ཟེར།

    ཁུན་ནེ་ཡཱའི་ཉེན་རྟོག་དམག་དཔུང་གིས་དྲག་ཆས་ཉེས་ཅན་དག་ཚོང་རའི་གནས་གཅིག་ཏུ་བཀག་ཡོད་པ་དང་། ས་དེའི་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་གཅིག་འཛིན་བཟུང་བྱས། བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། དྲག་ཆས་ཉེས་ཅན་དེར་མེ་མདའ་ཕོག་ཡོད་པའི་དབང་གིས་འཛིན་བཟུང་བྱས་ན་ཅང་མ་འགོར་བར་ཤི་བ་རེད་ཟེར།

    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་ཉེར་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ནེ་ལོ་པུས་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཁོའི་བློ་འདོན་པའི་འབྲེལ་ཡོད་དོན་རྐྱེན་གྱི་སྙན་ཞུ་ལ་ཉན་ཡོད་ཟེར།

    ཕན་ཅི་བུན་གྱིས་བསྟན་དོན། ཁོས་ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ལ་ཁ་པར་བཏང་ནས་འཇབ་རྒོལ་དོན་རྐྱེན་ཐད་ནས་ཁ་བརྡ་བྱས་པ་དང་། ཁོས་ཁུན་ནེ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་འཇབ་རྒོལ་དོན་རྐྱེན་གྱི་ཐག་གཅོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན།

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་རྐྱེན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་རྐྱེན་དེའི་ཁྲོད་ཨ་མེ་རི་ཁའི་སྤྱི་དམངས་ལ་རྨས་ཕོག་པ་ཁས་ལེན་བྱས་པ་དང་། ཁུན་ནེ་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་རོགས་འདེགས་བྱེད་བཞིན་ཡོད། ཁུན་ནེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་དོན་རྐྱེན་དེའི་ཁྲོད་ཤི་རྨས་ཐེབས་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག