མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམས་ལས་རྩ་འཛུགས་ཀྱི་ནོར་སྲིད་པུའུ་ཀྲང་གྲོས་ཚོགས་སྐབས་ཉི་ཤུ་བ་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་གྲོལ་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློ་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་པུའུ་ཀྲང་གྲོས་ཚོགས་སྐབས་ཉི་ཤུ་བ་ཚེས20ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་གྲོལ། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་སྟེང་གཙོ་བོ་དེང་སྐབས་འཛམ་གླིང་ཡོངས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གནས་བབ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཉོ་ཚོང་དངུལ་བསྡུ་སོགས་ཀྱི་བྱ་བར་གྲོས་བསྡུར་བྱས་པ་དང་། གྲོས་ཚོགས་ཀྱི་རྗེས་སུ་མཉམ་འབྲེལ་གསལ་སྒྲོག་སྤེལ། ཀྲུང་གོའི་ནོར་སྲིད་པུའུ་ཀྲང་ལིག་ཅི་ཝེ་ཡིས་ཚོགས་པ་ཁྲིད་ནས་གྲོས་ཚོགས་ལ་ཞུགས།

ཀྲུང་གོའི་ནོར་སྲིད་པུའུ་ཀྲང་ལིག་ཅི་ཝེ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། དེང་སྐབས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་དེ་སྔར་བཞིན་འགྲན་རྩོད་གང་མང་དང་འཕྲད་ཡོད་པ་དང་། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཕུང་ཚོགས་པའི་དངུལ་ལོར་ལྷོད་གཡེང་སྲིད་ཇུས་མཐའ་མཇུག་ཏུ་ཕྱིར་འབུད་པའི་གནས་ཚུལ་འོག་ཏུ་དཔལ་འབྱོར་དངོས་ཕུང་ཚོགས་པ་སོ་སོས་མུ་མཐུད་དུ་གྲུབ་ཚུལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྲིད་ཇུས་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། དངུལ་ལོར་བརྟན་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག