མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝང་དབྱི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས19ཉིན། ཀྲུང་གོ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཉིན་དེའི་སྔ་དྲོ་ཝ་ཧྲིན་ཐོན་གྲོང་ཁྱེར་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དངོས་གཞིའི་གླེང་མོལ་མ་བྱས་གོང་གསར་འགོད་པར་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཨོ་པ་མཱ་གཉིས་ཀྱིས་ཟླ་གསུམ་ཙམ་གྱི་ནང་དུ་ཐེངས་གཉིས་ལ་འཇལ་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་ཐད་ལྟ་བ་གལ་ཆེན་གཅིག་མཐུན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན། ང་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཨ་མེ་རི་ཁ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀའི་མགོ་གཙོའི་བར་གྲོས་ཁ་འཆམ་པའི་ལྟ་བ་དངོས་འབེབས་བྱེད་པ་དང་། བྱ་སྤྱོད་དངོས་ལས་གསར་དར་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་། བྱེ་བྲག་གི་མཉམ་ལས་ལ་བརྟེན་ནས་འབྲེལ་བ་དེའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་རྒྱུ་དེ་ཡིན་ལ། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་ལྷན་དུ་དུས་སྐབས་རྗེས་མའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་འགྲོ་འོངས་ལ་གྲ་སྒྲིག་བཟང་བོ་བྱས་ཏེ། ཁྱབ་ཁོངས་ཁག་ཏུ་གཉིས་ཕན་མཉམ་ལས་བྱེད་པ་དང་མཉམ་དུ། ཁྲའོ་ཞན་ཕྱེད་གླིང་དང་སི་རི་ཡ་སོགས་ཀྱི་གནད་དོན་འགངས་ཆེན་ཐད་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐད་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བར་འཁྲུག་རྩོད་མི་འབྱུང་བ་དང་། ཕན་ཚུན་ལ་བརྩི་འཇོག མཉམ་ལས་མཉམ་རྒྱལ་བཅས་ཀྱི་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དགོངས་དོན་གྱི་ངོ་བོ་དེ་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཕྱོགས་སོ་སོར་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀར་ཕན་བདེ་བསྐྲུན་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག