མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དབུས་ཕྱོགས་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས20ཉིན་བཤད་རྒྱུར། དབྱི་རག་དབུས་ཕྱོགས་ཀྱི་སཱ་མེད་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་ཞོང་ནེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེའི་ཉིན་གུང་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར་བ་དང་། མི21ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་ས་དེའི་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ12མཚམས་སུ་ཡོད་པའི་སཱ་མེད་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་ནས་བྱུང་བ་དང་། སྐབས་དེར་མུའུ་སི་ལིན་མང་བོས་དབྱི་སི་ལན་ཆོས་ཁང་དེར་གཟའ་པ་སངས་ཉིན་གྱི་གསོལ་འདེབས་བྱེད་བཞིན་ཡོད། སྔ་མོ་ནས་དྲོད་སྙོམས་སྒྲིག་ཆས་ནང་སྦས་ཡོད་པའི་རང་བཟོས་འགད་རྫས་གཉིས་གློ་བུར་དུ་འགས་གཏོར་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་བཟོས། དབྱི་སི་ལན་ཆོས་ཁང་དེ་དང་ཉེ་འདབས་ཀྱི་ཁང་བ་རེ་འགར་གཏོར་བརླག་ཐེབས་ཟེར།

ཉེན་རྟོག་ཕྱོགས་ཀྱི་མི་སྣ་དེས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་རྗེས། དབྱི་རག་བདེ་འཇགས་དམག་དཔུང་གིས་མྱུར་མོར་དབྱི་སི་ལན་ཆོས་ཁང་ཡོད་སའི་ས་ཁུལ་དེ་བཀག་སྡོམ་བྱས་ནས། འགས་གཏོར་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཤི་རྨས་བྱུང་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག