མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལག་བསྟར་བྱེད་སྲིད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འགུལ་སྐྱོད་ནང་ཞུགས་འདོད་ཡོད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁིར་སི་ཅི་ཡིས་ཚེས20ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་མཉམ་དུ་སི་རི་ཡའའི་གནས་བབ་ཐད་ནས་ཁ་པར་གླེང་མོལ་བྱས། ཞི་ཁིར་སི་ཅི་ཡིས་བསྟན་དོན། ཕོ་ལན་རྒྱལ་ཁབ་ཀྱིས་མི་སྣ་མངག་གཏོང་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱ་ནས་ལག་བསྟར་བྱེད་སྲིད་པའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འགུལ་སྐྱོད་ནང་ཞུགས་ཆོག་ཟེར།

ཞི་ཁིར་སི་ཅི་ཡིས་ནན་གྱིས་བསྟན་དོན། ཁོའི་བསམ་ཚུལ་དེ་ནི་ཕོ་ལན་གྱི་ཙུང་ཐུང་དང་ཙུང་ལི། རྒྱལ་སྲུང་བློན་ཆེན་བཅས་ལ་གྲོས་བསྡུར་བྱས་རྗེས་བཏོན་པ་ཡིན་ཟེར།

ཞི་ཁིར་སི་ཅི་ཡིས་ད་རུང་བཤད་རྒྱུར། ཕོ་ལན་རྒྱལ་ཁབ་ཀྱི་རྫས་འགྱུར་མཚོན་ཆར་རྒོལ་བའི་ལས་ཁུངས་ཀྱིས་མིག་སྔར་བྱང་ཆིངས་རྩ་འཛུགས་སུ་འབྲེལ་ཡོད་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕོ་ལན་གྱིས་ན་ནིང་ཧེ་ཡཱ་ནས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ལ་གྲོས་ཞིབ་བྱེད་པའི་ཚོགས་ཆེན་ལ་མགོ་འཛིན་བྱས་མྱོང་། ཕོ་ལན་རྒྱལ་ཁབ་ལ་ཁྱབ་ཁོངས་དེར་སྲོལ་རྒྱུན་གྱི་ནུས་པ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལག་བསྟར་བྱས་པའི་འགུལ་སྐྱོད་ལ་གྲུབ་འབྲས་མྱུར་དུ་ཐོབ་པར་རོགས་རམ་བྱེད་ཐུབ་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག