མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་བྲང་དཀར་པོས་དབྱི་ལིང་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཚེས19ཉིན་བཤད་རྒྱུར། གལ་ཏེ་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆའི་ལས་གཞི་དངོས་སུ་བསྐྱུར་ཐུབ་ན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དབྱི་ལིང་བར་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཁཱ་ནེ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་བར་ཐད་ཀར་གྲོས་མོལ་བྱེད་པ་མངོན་འགྱུར་བྱས་ཆོག་ཆོག་ཡིན་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་དབྱི་ལིང་གིས་དངོས་སུ་ཉིང་རྡུལ་ནུས་པའི་མཚོན་ཆའི་ལས་གཞི་བསྐྱུར་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་དམ་བཅའ་བྱེད་དགོས་ཟེར།

ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས18ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་མགོ་ཁྲིད་པའི་སྲིད་གཞུང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་འཕེལ་རྒྱས་སུ་གཏོང་མི་སྲིད་ལ། ཁོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་བར་འབྲེལ་ཡོད་གྲོས་མཐུན་འགོད་པའི་དབང་ཆ་ཡོད་ཟེར།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག