མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་ཆེད་མངག་ཚོགས་པར་ཁི་སོ་བོ་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:31

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་བཅུ་དགུའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་ཆེད་མངག་ཚོགས་པའི་རླངས་འཁོར་ལ་ཁི་སོ་བོ་ནས་འཇབ་རྒོལ་ཐེབས་ཏེ། ཆེད་མངག་ཚོགས་པའི་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱས་ཏེ། དོན་རྐྱེན་དེར་མྱུར་དུ་རྟོག་ཞིབ་བྱས་ནས་འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ཁི་སོ་བོ་རུ་སྡོད་པའི་ཆེད་མངག་ཚོགས་པས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་ནན་གྱིས་བསྟན་དོན། ཁི་སོ་བོ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་ཆེད་མངག་ཚོགས་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཁི་སོ་བོ་རུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར། ཁོས་ཕྱོགས་སོ་སོས་མཉམ་ལས་བྱས་ནས་རྟོག་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོའི་རྩ་འཛུགས་ལ་བདེ་འཇགས་ལ་འགན་སྲུང་ཡོད་པ་དང་འགུལ་སྐྱོད་ལ་རང་དབང་ལྡན་པར་ཁག་ཐེག་བྱས་ནས། ཁི་སོ་བོ་ཡི་རང་རང་གི་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་ཆེད་མངག་ཚོགས་པའི་རླངས་འཁོར་ལ་ཚེས་བཅུ་དགུ་ཉིན་ཁི་སོ་བོ་ཡི་ཙི་ཝེ་ཆན་ཉེ་འདབས་སུ་འཇབ་རྒོལ་ཐེབས་པ་རེད། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་སྐྱོང་ཆེད་མངག་ཚོགས་པར་ཁི་སོ་བོ་རུ་བཀོད་སྒྲིག་བྱས་ཏེ་ལོ་ངོ་ལྔ་འགོར་བའི་རིང་ཐོག་དང་པོར་ཐེབས་པའི་འཇབ་རྒོལ་དོན་རྐྱེན་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག