མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུ་བསྡུས་ཏེ་ཨ་ཧྥུའུ་ཧན་གནད་དོན་གྱི་གནས་ཚུལ་གསར་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:31

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྲད་མ་ཐག་པའི་ཨ་ཧྥུའུ་ཧན་གྱི་གནད་དོན་དང་དེའི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་ཤུགས་རྐྱེན་ལ་འབྲེལ་བའི་གནས་ཚུལ་གསར་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་ལས་དོན་གྱི་དམིགས་བསལ་འཐུས་མི་ཁུའུ་པུས་ཧྲི་ཡིས་འདས་པའི་ཟླ་ངོ་གསུམ་གྱི་རིང་གི་རྒྱལ་ཁབ་དེའི་གནས་བབ་འགྱུར་ལྡོག་སྐོར་གྱི་བྱ་བའི་སྙན་ཞུ་ལ་ཉན། ཁུའུ་པུས་ཧྲི་ཡིས་བསྟན་དོན། ཆབ་སྲིད་ཐབས་ལམ་དེ་ཨ་ཧྥུའུ་ཧན་དང་ས་ཁུལ་དེའི་ཡུན་རིང་ཞི་བདེ་དང་བདེ་འཇགས་ལ་གལ་འགངས་ཧ་ཅང་ཆེ་ཟེར།

དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་ལས་དོན་གྱི་དམིགས་བསལ་འཐུས་མི་ཁུའུ་པུས་ཧྲི་ཡིས་ཚེས་བཅུ་དགུའི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གཏམ་བཤད་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཉེ་སྔོན་བལ་བོ་ནས་བསྡུས་པའི་ཨེ་ཤ་ཡཱ་ལྷོ་མའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་ཚོགས་སྟེང་རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་ནས། དུས་ཡུན་རིང་བོར་འཐབ་འཁྲུག་གི་གནོད་པ་ཐེབས་པའི་རྒྱལ་ཁབ་དེ་སྤྲོ་སྐྱིད་ཀྱིས་བརྟས་པར་བྱས། དེའི་ཕྱོགས་གཞན་ཞིག་ནས་རིམ་བཞིན་རྒྱུན་ལྡན་དུ་འགྱུར་བཞིན་པའི་ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་སྣང་བརྙན་གསར་བ་ཞིག་རྒྱལ་ཁའི་ངང་རྒྱལ་སྤྱིའི་གར་སྟེགས་སུ་སྙེག་བཞིན་ཡོད་པ་མཚོན་ཐུབ།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག