མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་ཐད་ནས་ཚད་བཀག་རང་བཞིན་ལྡན་པའི་གྲོས་ཆོད་འགོད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་དགུའི་ཉིན་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚད་བཀག་རང་བཞིན་ལྡན་པའི་གྲོས་ཆོད་བཀོད་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁི་ལེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣས་སི་རི་ཡཱ་རྒྱལ་ཁབ་ནས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་དོན་རྐྱེན་བྱུང་བ་དངོས་སུ་བདེན་དཔང་བྱུང་ཡོད་ལ། ཨ་མེ་རི་ཁས་བལྟས་ན་པཱ་ཧྲ་ཨར་སྲིད་དབང་གིས་དོན་དེར་འགན་ཁུར་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་འགན་སྲུང་བྱེད་དགོས་པར་འདོད། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་རི་ནེ་ཝ་ནས་བཀོད་པའི་གྲོས་མཐུན་གཞིར་བཟུང་སྟེ། དོན་དངོས་ཀྱི་སྟོབས་དང་ལྡན་པའི་འགུལ་སྐྱོད་མྱུར་དུ་སྤེལ་དགོས་ཟེར།

ཁི་ལེ་ཡིས་གཟའ་འཁོར་རྗེས་མ་ཉིག་ཡོ་ནས་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་ཚད་བཀག་རང་བཞིན་ལྡན་པའི་གྲོས་ཆོད་བཀོད་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་དམིགས་འབེན་ལ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་གྲོས་འཆམ་འབྱུང་བར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག