མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་འདོད་བློ་བསྒྱུར་བར་དགའ་བསུ་ཞུས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:30

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཝ་ཧྲིན་ཏོན་ནས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་འདོད་བློ་བསྒྱུར་བར་དགའ་བསུ་བྱེད་བཞིན་ཡོད་པ་དང་། དེ་ནི་རེ་བས་ཁེངས་པའི་མཚོན་རྟགས་ཤིག་ཡིན་ཡང་ངེས་པར་དུ་དབྱི་ལིང་གི་བྱེ་བྲག་གི་དོན་དངོས་བྱ་སྤྱོད་མཐོང་དགོས་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་འཕེལ་རྒྱས་གསར་བ་བྱུང་བའི་ཐད་ནས་ཧཱ་ཧྥུའུ་ཡིས་བསྟན་དོན། ཨོ་པཱ་མཱ་དང་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་བལྟས་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་གོ་སྐབས་དང་འཕྲད་ཡོད་ལ། དེ་ནི་རེ་བས་ཁེངས་པའི་མཚོན་རྟགས་ཤིག་རེད། དབྱི་ལིང་སྲིད་གཞུང་གིས་ཐེངས་མང་བོར་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་འདོད་བློ་བསྟན་ཡོད་ལ། དབྱི་ལིང་གིས་གོ་སྐབས་དེ་བེད་སྤྱོད་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།

ཧཱ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་དབྱི་ལིང་གིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་བཀོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ཀྱི་སེམས་ཁུར་མེད་པར་གཏོང་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག