མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཙུང་ཐུང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་འཕེལ་རྒྱས་སུ་གཏོང་མི་སྲིད་པར་བཤད་པ།

    2013-09-19 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིན་དེར་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་མགོ་ཁྲིད་པའི་སྲིད་གཞུང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་འཕེལ་རྒྱས་སུ་གཏོང་མི་སྲིད་པ་དང་། ཁོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་འབྲེལ་ཡོད་ཀྱི་གྲོས་མཐུན་འགོད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་ལུའུ་ཧཱ་ནེ་ཙུང་ཐུང་དུ་བདམས་རྗེས་ཐོག་དང་པོར་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད། ཁོས་ཆེད་དོན་བཅར་འདྲིའི་སྐབས་སུ་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱའི་བར་གྱི་འཕྲིན་ཡིག་འབྲེལ་འདྲིས་གནས་ཚུལ་སྐོར་གླེང་སྐབས། ཨོ་པཱ་མཱའི་འཕྲིན་ཡིག་ལ་གྲུབ་འབྲས་གལ་ཆེན་ལྡན། ཁོས་བཤད་རྒྱུར། འཕྲིན་ཡིག་གི་འབྲེལ་འདྲིས་དེ་ནི་མ་འོངས་པར་གྲུབ་འབྲས་གལ་ཆེན་ཐོབ་པའི་གོ་རིམ་དང་པོ་ཡིན་སྲིད་ཟེར།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨོ་པཱ་མཱ་ཡིས་ལུའུ་ཧཱ་ནེ་ལ་བསྐུར་བའི་འཕྲིན་ཡིག་ནང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཞི་བའི་དམིགས་ཡུལ་དུ་བཀོལ་བ་བདེན་དཔང་བྱེད་དུ་འཇུག་འདོད་ཡོད་ཀྱང་། དབྱི་ལིང་ཕྱོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པའི་རེ་བ་བཏོན་ཡོད། རྒྱུ་མཚན་ནི་ཕྱི་འབྲེལ་ལ་བརྟེན་པའི་ཐག་གཅོད་ཇུས་གཞི་ནམ་ཡང་བསྐྱུར་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག