མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་རྗེས་དྲན་མཛད་སྒོ་བསྡུས་ཏེ་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

    2013-09-19 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོར་བསུ་བ་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིག་ཡོ་སྤྱི་ཁྱབ་པུའུ་ནས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དམིགས་བསལ་གྱི་རྗེས་དྲན་མཛད་སྒོ་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་དངོས་སུ་འཇར་པན་གྱི་མཉམ་འབྲེལ་རྒྱལ་ཚོགས་མཐུན་ཚོགས་ཀྱིས་གཅིག་སྟོང་དགུ་བརྒྱ་ང་བཞིའི་ལོར་དྲན་རྟེན་དུ་ཕུལ་བའི་ཞི་བདེའི་ཅོང་ཆེན་བརྡུངས་ནས། དྲག་ཤུགས་མིན་པའི་འདུ་ཤེས་བསྐྱར་བསྒྲགས་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་བཅོ་བརྒྱད་ཉིན་རྗེས་དྲན་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་ནི་མིའི་རིགས་ཀྱིས་བསམ་བློ་ཡག་པོ་གཏོང་བའི་དུས་སྐབས་ཤིག་ཡིན་པ་དང་། དྲག་ཤུགས་མིན་པའི་འདུ་ཤེས་བསྐྱར་སྒྲོག་བྱེད་པ་དང་འཛམ་གླིང་ཡོངས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་འབོད་སྐུལ་གཏོང་བའི་ཉིན་མོ་ཡང་ཡིན། ཁོས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་མི་རྣམས་ཀྱིས་ཉིན་གུང་སྐར་མ་གང་ལ་མྱ་ངན་ཞུས་ཏེ། འཁྲུག་རྩོད་ཁྲོད་ཚེ་སྲོག་ཤོར་བའི་མི་དང་ཉིན་རྒྱུན་སྐྱོ་སྡུག་ཁྲོད་འཚོ་བ་རོལ་བའི་མི་རྣམས་ལ་མྱ་ངན་དང་སེམས་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག