མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱ་རྒྱལ་ཁབ་ཀྱིས་དབྱི་སི་ལན་གྱི་ཐལ་སྤྱོད་ཉེས་ཅན་བརྒྱ་དང་ལྔ་བཅུ་བསད་པ།

    2013-09-19 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། གཟའ་འཁོར་སྔོན་མར་ཁོ་ཚོས་བྱང་ཤར་ཕྱོགས་ཀྱི་པའོ་ནོའུ་ཀྲིག་གི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་གི་ནགས་གསེབ་ཀྱི་སྒར་སར་དཔུང་འཇུག་བྱས་པའི་འགུལ་སྐྱོད་ཁྲོད། རྩ་འཛུགས་དེའི་འཐབ་འཛིང་མི་སྣ་བརྒྱ་དང་ལྔ་བཅུ་བསད་ཟེར།

དམག་ཕྱོགས་ཀྱིས་བཤད་རྒྱུར། འགུལ་སྐྱོད་ཁྲོད་དམག་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བར་མ་ཟད། སྒར་ས་དེར་མཚོན་ཆ་མང་བོ་སྦས་གསོག་བྱས་ཡོད་ཟེར།

ནེ་ཀྲི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་མིག་སྔར་པའོ་ནོའུ་ཀྲིག་ཏུག་དོགས་ཟོན་མཐོར་འདེགས་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག