མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་གནད་དོན་ཐད་ནས་ནུས་པ་ཆེན་པོ་ལྡན་པའི་གྲོས་ཆོད་འགོད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས17ཉིན་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མ་བསྡུས་གོང་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཀྱི་གཅིག་རོགས་གཅིག་བརྟེན་གྱི་རྣམ་འགྱུར་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐུན་སྒྲིལ་ལ་ཕན་པ་ཡོད་པ་དང་། སི་རི་ཡཱའི་གནད་དོན་ཐད་ནས་ནུས་པ་ཆེན་པོ་ལྡན་པའི་གྲོས་ཆོད་ཅིག་འགོད་དགོས་པའི་རེ་བ་བཏོན།

ཁོས་བསྟན་དོན། གྲོས་ཆོད་དེ་དག་གི་དགོངས་དོན་ལ་གཟེངས་བསྟོད་བྱེད་འོས་ཀྱང་དགོངས་དོན་དེ་དག་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་བར་ད་རུང་དུས་ཚོད་ངེས་ཅན་དགོས་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། ཡིད་སྐྱོ་བ་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ནང་། སི་རི་ཡཱའི་མི་དམངས་ཀྱིས་ཐོབ་འོས་པའི་རང་དབང་དང་ཞི་བདེ་ལོངས་སུ་སྤྱོད་པར་རོགས་རམ་བྱེད་མ་ཐུབ་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ལ་སྲུང་སྐྱོབ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འདིར་མཐུན་སྒྲིལ་བྱས་ཏེ་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག