མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱིས་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སི་ལིན་སེ་ལཱ་ཡིས་ཚེས17ཉིན་པེ་རུ་ཐི་ནས་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

སེ་ལཱ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོས་སུའུ་ལེ་མན་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས་པ་དང་། ཁོ་ལ་ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་སྐབས་རྒྱལ་མཚམས་སྐོར་གྱི་གནས་ཚུལ་སྙན་ཞུ་བྱས་ཟེར།

སེ་ལཱ་ཡིས་བཤད་རྒྱུར། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཕན་ཚུན་དགྲར་འཛིན་གྱི་བྱ་སྤྱོད་མཚམས་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་མཉམ་དུ་ཐོལ་བྱུང་གི་དོན་རྐྱེན་རེ་འགའ་ཐག་གཅོད་བྱེད་དགོས། དེ་མིག་སྔའི་གནད་འགག་གི་དུས་སྐབས་སུ་རྒྱལ་མཚམས་ཀྱི་བདེ་འཇགས་གནས་བབ་ལ་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

སེ་ལཱ་ཡིས་ནན་གྱིས་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྩལ་བའི་ཞི་བདེ་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ས་ཁུལ་གྱི་ཟང་ཟིང་གནས་བབ་ཀྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། ཁོས་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་གྱི་དམག་དཔུང་དང་མཉམ་དུ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

སེ་ལཱ་ཡིས་བཤད་རྒྱུར། སུའུ་ལེ་མན་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་གཟེངས་བསྟོད་བྱས་པ་དང་། ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་ལེ་པཱ་ནུན་གྱི་དམག་དཔུང་གིས་མཉམ་དུ་འགུལ་སྐྱོད་སྤེལ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག