མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པ་ཚོགས་མགོ་བརྩམས་པ་དང་སི་རི་ཡཱའི་གནད་དོན་གླེང་གཞི་གཙོ་བོར་གྱུར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

1.jpg

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པ་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས་པ་དང་སི་རི་ཡཱའི་གནད་དོན་གླེང་གཞི་གཙོ་བོར་གྱུར་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པ་ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སི་རི་ཡཱའི་གནད་དོན་སོགས་ཚོགས་ཆེན་གྱི་གླེང་གཞི་གཙོ་བོར་གྱུར་ནས་ཀུན་གྱིས་དོ་སྣང་ཆེན་པོ་བྱས།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ཏེ་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས། ཁོས་སི་རི་ཡཱའི་གནད་དོན་ནི་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཉམས་ཉེན་ཆེས་ཆེན་པོ་ཞིག་རེད་ཟེར།

    ཕན་ཅི་བུན་གྱིས་ད་རུང་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་མཇུག་འབྲས་སྙན་ཞུ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་དང་དུ་བླངས་ཏེ། སྔ་མོ་ནས་སི་རི་ཡཱའི་མང་ཚོགས་ཀྱི་དཀའ་སྡུག་སེལ་དགོས་ཟེར།

    ཕན་ཅི་བུན་གྱིས་ནན་གྱིས་བསྟན་དོན། སེར་སི་ཐི་ལོན་གྱིས་མགོ་ཁྲིད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་གིས་བཏོན་པའི་རྟོག་ཞིབ་མཇུག་འབྲས་ལ་དོགས་གཞི་ཅི་ཡང་མེད་པ་དང་། ཁོས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མགོ་ཁྲིད་ནུས་པ་འདོན་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མྱུར་དུ་འགུལ་སྐྱོད་སྤེལ་ན། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་འཕེལ་རིམ་ལག་བསྟར་བྱེད་དགོས་ཟེར།

    ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་གཟའ་འཁོར་རྗེས་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྐབས་མུ་མཐུད་དུ་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡཱ་ལ་འབྲེལ་བའི་གྲོས་ཆོད་འཆར་ཟིན་ལ་ཡར་སྐུལ་བྱེད་སྲིད་པར་འདོད། དེ་ལས་གཞན་ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ད་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་གནད་དོན་གྱི་མཉམ་འབྲེལ་དམིགས་འཐུས་མི་པུའུ་ལཱ་ཞི་མུས་དང་མཉམ་དུ་དགོས་ངེས་ཀྱི་ཕྱི་འབྲེལ་བར་འདུམ་བྱེད་པའི་འཆར་གཞི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག