མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ལས་ཚབས་ཆེ་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས15ཉིན་ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་སི་རི་ཡཱ་དང་དབྱི་ལིང་གནད་དོན་ཐད་བསམ་འཆར་བཏོན། དེའི་སྔོན་དབྱི་ལིང་གི་གསར་དུ་འགན་ཁུར་བའི་ཙུང་ཐུང་ལུའུ་ཧཱ་ནེ་ལ་འཕྲིན་ཡིག་བསྐུར་ནས། ཕྱིན་ཆད་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་འབྲེལ་བའི་གྲོས་མོལ་དེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་གྱི་ཐག་གཅོད་ཇུས་གཞི་ལ་དཔེ་བྱས་ཏེ། ཕྱི་འབྲེལ་གྱི་ཐབས་ལམ་དང་དམག་དོན་ཆམ་ཕབ་ཀྱི་ཐབས་ལམ་གཉིས་མཉམ་སྤྱོད་བྱེད་དགོས་པའི་ཚུལ་བསྟན་ཡོད་ཟེར། དབྱེ་མཁན་མཁན་ལ་ལས་བཤད་རྒྱུར། ཨོ་པཱ་མཱ་ཡི་གཏམ་བཤད་དེ་ལས་ཨ་མེ་རི་ཁའི་སི་རི་ཡཱའི་གནད་དོན་ཐད་ནས་གཉོམ་ཁུར་འདོད་མེད་པ་མཚོན་པར་མ་ཟད། དབྱི་ལིང་ལའང་ཉེན་བརྡ་གསལ་བོ་ཞིག་བཏང་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག