མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་སྟེང་བདེ་འཇགས་གནད་དོན་ཐད་འགལ་བ་མངོན་གསལ་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་དེ་ཚེས16ཉིན་ཡེ་ལུའུ་སཱ་ལེམ་ནས་བསྡུས་པ་དང་། ཕྱོགས་གཉིས་བར་བདེ་འཇགས་གནད་དོན་ཐད་འགལ་བ་ཆེན་པོ་གནས་ཡོད་ཟེར།

མིང་བཤད་མི་འདོད་པའི་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར། སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་ནས་ཐེངས་སྔོན་མའི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དབྱི་སི་རལ་གྱི་གྲོས་མོལ་འཐུས་མིས་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅོ་ལྔ་ཉིན་བཏོན་པའི་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་བདེ་འཇགས་གནད་དོན་ཐད་ཀྱི་བསམ་ཚུལ་ལ་ངོ་རྒོལ་བྱས་ཟེར།

ཨ་པཱ་སི་ཚེས་བཅོ་ལྔ་ཉིན་སློབ་མའི་རྩ་འཛུགས་ཤིག་གི་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། མ་འོངས་པར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་བདེ་འཇགས་གནད་དོན་ལ་ཕྱིའི་རྒྱལ་ཁབ་གང་རུང་གིས་ཐེ་གཏོགས་བྱེད་མི་རུང་ཟེར།

དབྱི་སི་རལ་གྱི་གྲོས་མོལ་འཐུས་མིས་ཨ་པཱ་སི་ཡི་གཏམ་བཤད་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་སྒྲིག་ཡིག་དང་འགལ་ཡོད་ཟེར། ཐེངས་སྔོན་མའི་གྲོས་མོལ་སྐབས་སུ་དབྱི་སི་རལ་གྱིས་དོན་ཚན་བཅུ་བདུན་བཏོན་ནས་མ་འོངས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་གནད་དོན་ལ་འཆར་འགོད་བྱས། དེའི་ནང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ལེ་ཏཱའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་སོགས་འདུས། འཆར་འགོད་དེ་ལ་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཁས་ལེན་མ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག