མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་སོལ་གཏེར་བརྡིབས་ཏེ་ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 09:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཚེས15ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་ནས་ཚེས་བཅུ་བཞིའི་ཉིན་སོལ་གཏེར་བརྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག

ཨ་ཧྥུའུ་ཧན་སཱ་མན་ཀན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཅི་ཚི་ཡིས་བཤད་རྒྱུར། དོན་རྐྱེན་དེ་ནི་སོལ་རླངས་འགས་གཏོར་བྱུང་བ་ལས་བྱུང་བ་དང་། དོན་རྐྱེན་དེ་བྱུང་སྐབས་བསྡོམས་པས་མི་ལྔ་བཅུ་ལྷག་གཏེར་ཁྲོན་དུ་བཅུག་པ་རེད། རྟོག་ཞིབ་བྱས་པ་བརྒྱུད་སྟེར་ཁྲོན་དུ་བཅུག་པའི་མི་གཅིག་ཀྱང་སྲོག་ཉེན་ལས་ཐར་མེད་ཟེར། ཨ་ཅི་ཚི་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་གཏེར་འདོན་བཟོ་བ་བརྒྱ་ལྷག་ལ་རྨས་ཕོག་པ་དང་། རྒུད་སྐྱོབ་མི་སྣ་བཞི་ལ་རྒུད་སྐྱོབ་བྱེད་སྐབས་རྨས་ལྗིད་མོ་ཕོག་ནས་མིག་སྔར་སྨན་ཁང་དུ་བསྐྱལ་ཡོད།

དོན་རྐྱེན་བྱུང་རྗེས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཤི་བོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག