མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཞི་ཁོ་ལ་དྲག་རླུང་གི་འཇིགས་པ་ཐེབས་ཏེ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 09:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དྲག་རླུང་གི་འཇིགས་ཉེན་ཐེབས་པའི་དབང་གིས་མའོ་ཞི་ཁོ་ཤར་ནུབ་མཚོ་འགྲམ་ས་ཁུལ་དུ་ཚེས15ཉིན་མུ་མཐུད་དུ་དྲག་ཆར་ཆེན་པོ་བབས་ཏེ། ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བརྒྱད་ལྷག་བྲེལ་མྱུར་ངང་བདེ་འཇགས་ས་ཁུལ་དུ་བསྐྱལ།

མའོ་ཞི་ཁོའི་ནམ་ཟླའི་རྟོག་དཔྱོད་སྡེ་ཁག་གིས་ཚེས15ཉིན་མཚམས་སྦྱོར་བྱས་དོན། རིམ་པ་དང་པོའི་དྲག་རླུང་ཞིག་མིག་སྔར་ཐཱ་མའོ་ལེ་ཕཱ་སི་ཀྲིག་ཐན་ཕུས་ཁི་ཤར་ངོས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་བཞི་བཅུའི་མཚམས་སུ་དུས་ཚོད་རེར་སྤྱི་ལེ་བཅུ་གཅིག་གི་མྱུར་ཚད་ཀྱིས་མའོ་ཞི་ཁོའི་ཤར་ངོས་མཚོ་འགྲམ་དུ་ཡོང་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་མ་འོངས་པའི་དུས་ཚོད་བཅུ་གཉིས་ནང་མའོ་ཞི་ཁོའི་སྐམ་སར་བསླེབ་སྲིད། དྲག་རླུང་གི་ཤུགས་རྐྱེན་ལས་བྱུང་བའི་ཆར་བ་དྲག་པོས་གཙང་ལག་མི་ཉུང་བ་ཞིག་རྒྱས་ནས་ཆུ་ལོག་གི་གནོད་འཚེ་བྱུང་། ཐཱ་མའོ་ལེ་ཕཱ་སི་ཀྲིག་དང་ཝེ་ལཱ་ཁི་ལུའུ་སི་ཀྲིག་ཁོ་ན་ནས་མང་ཚོགས་སྟོང་དྲུག་ལྷག་བྲེལ་མྱུར་གྱིས་གནས་གཞན་དུ་བསྐྱལ་བ་དང་། དེའི་ནང་མི་མི་ཉུང་བ་ཞིག་གནས་སྐབས་ཀྱི་སྡོད་གནས་སུ་བསྡད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག