མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པ་ལ་ཁི་བཙོན་བཀྲོལ་བཏང་རྗེས་བཟང་བཙོན་དུ་འཇུག་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་གནས་སྐབས་ཙུང་ལི་ཡིས་ཚེས21ཉིན་ལོ་གཉིས་ལྷག་གི་རིང་ལ་བཙོན་འཇུག་བྱས་པའི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པ་ལ་ཁི་བཙོན་བཀྲོལ་བཏང་རྗེས་བཟང་བཙོན་དུ་འཇུག་དགོས་པའི་བཀའ་བབས།

དུས་ཚོད་འགའི་སྔོན་ལ་ཨེ་ཅིབ་ཀྱི་ཁྲིམས་ཁང་ཞིག་གིས་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་དགོས་པའི་བཀའ་བབས།

གནས་སྐབས་ཀྱི་ཙུང་ལི་པེ་པུའུ་ལ་ཝེ་ཡིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། མུའུ་པ་ལ་ཁི་བཟང་བཙོན་དུ་འཇུག་པ་ནི་ཟླ་འདི་ནས་བཟུང་ལག་བསྟར་བྱས་པའི་རྒྱལ་ཡོངས་བྲེལ་མྱུར་གནས་ཚུལ་གྱི་ཁག་ཅིག་ཡིན་ཟེར།

ད་སྔ་མུའུ་པ་ལ་ཁི་བཟང་བཙོན་དུ་འཇུག་ས་ད་དུང་གསལ་བོར་མི་ཤེས་ལ། ཁོ་ནམ་ཞིག་ལ་བཙོན་ཁང་ལས་ཕྱིར་འབུད་རྒྱུ་ཡིན་པ་ཡང་གསལ་བོར་མི་ཤེས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག