མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁའེ་ལོ་ཁྲིམས་ཁང་གིས་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་རྒྱུའི་བཀའ་ཕབ་པ།

    2013-08-22 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁའེ་ལོ་ཁྲིམས་ཁང་གིས་ཚེས21ཉིན་ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་རྒྱུའི་བཀའ་ཕབ་པ་དང་། ཞིབ་དཔྱོད་ལས་ཁུངས་ཕྱོགས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་དང་ལེན་བྱས་ལ། མུའུ་པ་ལ་ཁི་ཉིན་གཅིག་གཉིས་ཀྱི་རྗེས་སུ་བཙོན་བཀྲོལ་བཏང་ནས་གྱོད་དོན་གཞན་པའི་ཐད་ཀྱི་འདྲི་གཅོད་དང་ལེན་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁའེ་ལོ་གཏུག་བཤེར་ཁྲིམས་ཁང་གིས་ཉིན་དེར་མུའུ་པ་ལ་ཁི་ཡི་ཁྲིམས་རྩོད་པས་བཏོན་པའི་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་བའི་རེ་བར་ཞིབ་བཤེར་དང་གྲོས་བསྡུར་བྱས་རྗེས། མུའུ་པ་ལ་ཁི་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ཐད་ནས་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་རྒྱུའི་ཐག་བཅད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཨེ་ཅིབ་ཞིབ་དཔྱོད་ལས་ཁུངས་ཕྱོགས་ཀྱིས་མུའུ་པ་ལ་ཁི་བཙོན་བཀྲོལ་གཏོང་བའི་ཐག་གཅོད་ཐད་ནས་ཡང་བསྐྱར་གཏུག་བཤེར་བྱེད་མི་སྲིད་པས། མུའུ་པ་ལ་ཁི་ཉིན་གཅིག་གཉིས་ཀྱི་རྗེས་བཙོན་བཀྲོལ་གཏོང་ངེས་མོད། ཡིན་ནའང་ཨེ་ཅིབ་ཀྱི་མངའ་ཁོངས་དང་བྲལ་མི་ཆོག

མུའུ་པ་ལ་ཁིའི་གྱོད་དོན་གྱི་འདྲི་གཅོད་དེ་དུས་ཡུན་ལོ་གཉིས་ལས་བརྒལ་བ་དང་། མུའུ་པ་ལ་ཁི་ཡང་ལོ་གཉིས་ཀྱི་རིང་ལ་བཙོན་ཁང་དུ་བཅུག་པའི་དུས་ཚོད་དེ་ཨེ་ཅིབ་ཀྱི་བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་གནས་སྐབས་བཙོན་འཇུག་གི་ཆེས་རིང་བའི་དུས་ཚོད་ལས་བརྒལ་བས། ད་ལྟ་ཁོ་བཙོན་བཀྲོལ་བཏང་ནས་འདྲི་གཅོད་བྱེད་པར་སྒུག་ཏུ་བཅུག་པ་དེ་ཨེ་ཅིབ་ཀྱི་བཅའ་ཁྲིམས་དང་མཐུན། ཡིན་ནའང་གསལ་བཤད་བྱེད་དགོས་པ་ཞིག་ནི། མུའུ་པ་ལ་ཁི་བཙོན་བཀྲོལ་བཏང་ནས་འདྲི་གཅོད་ལ་སྒུག་ཏུ་བཅུག་པ་དེས་ཁོར་ཉེས་པ་མེད་པ་མི་མཚོན། མིག་སྔར་མུའུ་པ་ལ་ཁི་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལ། ཟླ་འདིའི་ཚེས་ཉེར་ལྔ་ཉིན་ཁོས་ད་དུང་རྔམ་སྟོན་པ་བསད་པའི་གྱོད་དོན་ཐད་ནས་འདྲི་གཅོད་དང་ལེན་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག