མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་བྱང་ཕྱོགས་ཀྱི་སྣུམ་འདྲེན་སྦུག་ལམ་གསུམ་ལ་འཇབ་རྒོལ་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བྱང་ཕྱོགས་རྡོ་སྣུམ་ཀུང་ཟིའི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས21ཉིན་བཤད་རྒྱུར། ཉིན་དེའི་ཞོགས་པར་དབྱི་རག་བྱང་ཕྱོགས་ཀྱི་སྣུམ་འདྲེན་སྦུག་ལམ་གཙོ་བོ་གསུམ་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། དབྱི་རག་གིས་སྦུག་ལམ་དེ་གསུམ་བརྒྱུད་དེ་ཐུར་ཁེ་རྒྱལ་ཁབ་ལ་མ་བཅོས་རྡོ་སྣུམ་འདྲེན་པ་དེ་གནས་སྐབས་སུ་མཚམས་ཆད་ཟེར།

དཔོན་རིགས་དེས་བཤད་རྒྱུར། སྣུམ་འདྲེན་སྦུག་ལམ་དེ་གསུམ་ནི་སོ་སོར་ཉི་ཉི་ཝེ་ཞིང་ཆེན་དང་ཅི་ཨར་ཁུའུ་ཁི་ཞིང་ཆེན་དུ་ཡོད་ལ། འགས་གཏོར་འཇབ་རྒོལ་བྱུང་རྗེས། བྱང་ཕྱོགས་རྡོ་སྣུམ་ཀུང་ཟིས་མྱུར་དུ་སྦུག་ལམ་ཉམས་གསོ་བྱེད་བཞིན་པ་དང་། སྔོན་དཔག་བྱས་ན་ཉིན་འགའི་རིང་ཉམས་གསོ་བྱེད་དགོས་ཟེར།

དབྱི་རག་གི་སྣུམ་འདྲེན་སྦུག་ལམ་ལ་རྒྱུན་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ཟླ་གཉིས་ཀྱི་ནང་དུ་སྦུག་ལམ་དང་འབྲེལ་བའི་འཇབ་རྒོལ་དོན་རྐྱེན་ཐེངས་སོ་བདུན་ལ་བྱུང་། བསྟུད་མར་བྱུང་བའི་འཇབ་རྒོལ་དོན་རྐྱེན་གྱིས་དབྱི་རག་གི་མ་བཅོས་རྡོ་སྣུམ་ཕྱི་ཕྱོགས་སུ་འདྲེན་པར་གཏོར་བརླགས་ཚབས་ཆེན་བཟོས། དབྱི་རག་རྡོ་སྣུམ་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་རག་གི་ཟླ་དྲུག་པ་དང་ཟླ་བདུན་པར་ཉིན་རེར་མ་བཅོས་རྡོ་སྣུམ་ཕྱིར་འདྲེན་ཚད་སྣུམ་ཟོ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཉིས་ཡིན་ལ། ད་ལོའི་རྡོ་སྣུམ་འདྲེན་ཚད་ཆེས་དམའ་མོ་རེད་ཟེར།

མིག་སྔར་དབྱི་རག་ནས་རྩད་ཆོད་པའི་རྡོ་སྣུམ་གྱི་འདུས་ཚད་སྣུམ་ཟོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་ལྔ་ཡིན་ལ། འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་སྤྱིའི་འདུས་ཚད་ཀྱི་བརྒྱ་ཆའི་བཅུ་ཟིན་པ་དང་། སོ་ཏི་ཨ་རབ་དང་དབྱི་ལང་གི་རྗེས་ཀྱི་འཛམ་གླིང་གི་རྡོ་སྣུམ་འདུས་ཚད་མཐོ་བའི་རྒྱལ་ཁབ་ཨང་གསུམ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག